འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་18ཉིན།

༄༅།།ཇོ་མོ་གླང་མའི་འདབས་ཀྱི་བོད་ཀྱི་ཞིང་འབྲོག་པ་དབུལ་སྒྲོལ་བྱུང་བའི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་18ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གིས་དིང་རི་རྫོང་སྒང་དཀར་གྲོང་ཚོའི་མི་འབོར་དབུལ་པོ་རྣམས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཞན་ས་ནས་གནས་སྤོ་བྱེད་ཆེད། ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་པ་དང་། གྲོང་མིའི་བསམ་འཆར་ཉན་པ་མ་ཟད།      ཡུལ་དེའི་ས་ཁམས་ཁོར་ཡུག་དང་འགྲིམ་འགྲུལ་ལེགས་ཆ་གང་ལེགས་སྤྱད་དེ་དུད་ཚང་དབུལ་པོའི་རང་མོས་ཀྱི་རྩ་དོན་གཞིར་བཟུང་མཐར་སྒང་དཀར་གྲོང་རྡལ་ཁུལ་གསར་འཛུགས་སྐྲུན་གྱི་ས་ཆ་གསར་པ་གཏན་འཁེལ་བྱས་པ་དང་གྲོང་རྡལ་དེ་ནས་ཁྱོན་དུད་ཚང་22དང་མི་430ཙམ་ཁུལ་གསར་དུ་སྤོས་ཡོད།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་འདབས་ཀྱི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གད་དམར་ཤང་གི་ཁོངས་སུ་རྩྭ་ཆུ་འབེལ་བའི་ས་ཆ་ཞིག་ཡོད་པར་ཆུ་མིག་ཆེ་ཆུང་མི་གཅིག་པ་བཅུ་གྲངས་ཁ་ཤས་ཡོད་པ་དེ་དག་ནས་ཉིན་མཚན་བསྟུད་མར་དྭངས་ཤིང་གཙང་བའི་ཆུ་རྒྱུན་མི་ཆད་པར་ཐོན་གྱི་ཡོད། གད་དམར་ཤང་དང་དེའི་ཉེ་འགྲམ་གྱི་སྒང་དཀར་གྲོང་རྡལ་གྱི་དུད་ཚང་དབུལ་པོ་80ལྷག་ཙམ་གྱི་མི་རྣམས་ཆུ་མིག་དེ་དག་ལ་བརྟེན་ནས་འབྱོར་འབྲིང་འཚོ་བར་རོལ་ཐུབ་ཡོད།
    བོད་ལྗོངས་ཇོ་མོ་གླང་མ་འཁྱགས་རོམ་ཆུའི་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི(གཤམ་དུ“ཇོ་རིའི་འཁྱགས་རོམ”ཞེས་བསྡུ་རྒྱུ)འགན་འཁུར་བས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ཡུལ་དེའི་མང་ཚོགས་ཀྱིས་ཆུ་མིག་དེ་རྙེད་ཡོད་ཀྱང་། སྐབས་དེ་དུས་གནམ་གཤིས་དང་འགྲིམ་འགྲུལ་སོགས་ཀྱི་ཚད་བཀག་ཕོག་ནས་གསར་སྤེལ་བྱེད་ཐུབ་མེད་ཅེས་ངོ་སྤྲོད་བྱས།
     དུས་འགོའི་རྩད་ཞིབ་ཐིག་ལེན་བྱས་རྗེས་ཇོ་རིའི་འཁྱགས་རོམ་ཀུང་སིས་2008ལོར་ཆུ་ཐོན་སྐྱེད་བཟོ་གྲྭ་བཙུགས་པ་དང་ཆབས་ཅིག་སྲུང་སྐྱོང་ཁུལ་བཙུགས་ནས་ཆུ་ཐོན་ཡུལ་དུ་རིམ་པ་དང་པོའི་སྲུང་སྐྱོང་བྱས་པ་མ་ཟད། ཆེད་མི་བསྐོས་ནས་ཆུ་ཚོད་24ལྟ་སྲུང་བྱེད་དུ་བཅུག་ཡོད།
     སྒང་དཀར་གྲོང་རྡལ་སྒང་དཀར་གྲོང་ཚོའི་ཉི་མ་དོན་གྲུབ་ཡུལ་དེའི་ཞིང་འབྲོག་པ་དཀྱུས་མ་ཞིག་རེད། 2009ལོར་ཇོ་རིའི་འཁྱག་རོམ་ཀུང་སིའི་ཆུ་བཟོ་གྲྭའི་ལས་བཟོ་བར་གྱུར་པ་དང་ཁོང་དང་མཉམ་དུ་བཟོ་གྲྭར་སླེབས་པའི་གྲོང་མི་46ཡོད། “ང་ཚོ་དིང་རིའི་ཆུ་མིག་གི་ཆུར་ལས་སྣོན་ཇི་འདྲ་བྱེད་མིན་ལ་དངོས་སུ་ལྟ་འདོད་བྱུང”ཞེས་ཉི་མ་དོན་གྲུབ་ཀྱིས་ལས་སྣོན་བྱས་རྗེས་ཀྱི་ཆུ་ཁག་དང་པོ་དེ་མཐོང་རྗེས་དགའ་ཚོར་ཆེན་པོས་འགྱིག་དམ་གང་འཁྱེར་ནས་བཟའ་ཟླ་དང་གྲོང་པ་ཁྱིམ་མཚེས་ལ་བསྟན་པ་དང་། ཁོང་གིས“འགྱིག་དམ་འདིའི་ནང་བླུགས་པ་ནི་ང་ཚོའི་ཆུ་མིག་གི་ཆུ་རེད”ཅེས་བརྗོད།
     མིག་སྔར་ཆུའི་བཟོ་གྲྭ་དེའི་80%ཡན་གྱི་ལས་བཟོ་བ་ཚང་མ་ཉེ་འགྲམ་ཤང་གྲོང་རྡལ་གྱི་ཞིང་འབྲོག་པ་དབུལ་པོ་ཤ་སྟག་ཡིན་ཞིང་། ཉི་མ་དོན་གྲུབ་དང་འདྲ་བར་ཇོ་རིའི་འཁྱགས་རོམ་ཀུང་སིས་ཆུའི་ཐོན་ལས་ལ་བརྟེན་ནས“དབུལ་ཞྭ་ཕུད་པའི”གྲོང་མི་80ལྷག་ཙམ་ཐོན་ཡོད། “ང་ཚོར་ལས་ཀ་རག་པ་མ་ཟད། སྲིད་གཞུང་གིས་ང་ཚོར་གསར་དུ་བརྒྱབ་པའི་ཁང་པའང་འདི་ལོའི་ལོ་མཇུག་ཏུ་མཛེས་རྒྱན་སྤྲས་ཚར་བཟོ་འདུག”ཅེས་ཉི་མ་དོན་གྲུབ་ཀྱིས་དགའ་ཚོར་ཆེན་པོས་བརྗོད།
     དིང་རི་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་དོན། གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གིས་དིང་རི་རྫོང་སྒང་དཀར་གྲོང་ཚོའི་མི་འབོར་དབུལ་པོ་རྣམས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཞན་ས་ནས་གནས་སྤོ་བྱེད་ཆེད། ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་པ་དང་། གྲོང་མིའི་བསམ་འཆར་ཉན་པ་མ་ཟད། ཡུལ་དེའི་ས་ཁམས་ཁོར་ཡུག་དང་འགྲིམ་འགྲུལ་ལྟེ་གནས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་དུད་ཚང་དབུལ་པོ་རང་མོས་ཀྱི་རྩ་དོན་གཞིར་བཟུང་མཐར་སྒང་དཀར་གྲོང་རྡལ་ཁུལ་གསར་འཛུགས་སྐྲུན་གྱི་ས་ཆ་གསར་པ་གཏན་འཁེལ་བྱས་པ་དང་གྲོང་རྡལ་དེ་ནས་ཁྱོན་དུད་ཚང་22དང་མི་430ཙམ་ཁུལ་གསར་དུ་སྤོས་ཡོད།
     ཇོ་རིའི་འཁྱག་རོམ་ཀུང་སིའི་ཙུང་ཚའེ་གཞོན་པ་དང་ཇོ་རིའི་འཁྱག་རོམ(པེ་ཅིང)ཚོང་གཉེར་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་ཀྲང་ཅ་ནན་གྱིས་ངེས་ཀུང་སིས་གནས་གཏན་འཁེལ་སྒོ་ནས་དིང་རི་རྫོང་ཁོངས་ཀྱི་དུད་ཚང་དབུལ་པོ་16000ལྷག་ཙམ་ལ་གནད་སྨིན་དབུལ་སྐྱོར་བྱས་པ་དང་། ཀུང་སིས་ལོ་ལྟར་རྐང་བདག་དང་རྐང་དབང་གི་ཁེ་བཟང་ནས་30%རོགས་སྐྱོར་ཐད་སྤྱོད་ཀྱི་ཡོད་ཅེས་བརྗོད།