འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་18ཉིན།

༄༅།།འཕྲལ་སྡོམ་དོ་དམ་པུས་བསྟན་དོན། རྒྱལ་ཡོངས་སུ་མེ་སྐྱོན་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་
ངན་བཅོས་སྒྲིག་གི་ལས་དོན་གཅིག་སྡུད་ཐོག་སྤེལ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་18ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་མེ་ཟོན་སྡེ་ཚན་གྱིས་སྒོ་བྱང་བཀལ་ནས་ལྟ་སྐུལ་སྒྲུབ་གཉེར་དང་། ཡིག་ཐོག་བརྡ་ཐོ་དང་ཡོངས་བསྒྲགས་བྱེད་པ། དམར་རྗེན་དུ་འདོན་པ་དང་ཉེན་བརྡ་གཏོང་བ། ཡིད་རྟོན་མ་ལག་དང་མཉམ་འབྲེལ་ཆད་གཅོད་ལག་ལེན་བསྟར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ནས་མེ་སྐྱོན་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་ཁག་གཅིག་སེལ་རྒྱུ་ཡིན་པ་རེད།
     འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་དུས་མེ་ཟོན་སྡེ་ཚན་གྱིས་ཕྱོགས་བསྡུས་ཚོང་ཁང་ཆེ་གྲས་དང་། ཚོང་ལས་ཐོག་བརྩེགས་ཁང་ཆེན། མི་སྣ་འདུ་འཛོམས་བྱེད་ཁུལ། རིག་དངོས་ཨར་སྐྲུན་དང་གྲོང་ཁྱེར་དཀྱིལ་གྱི་གྲོང་ཚོ། མཉམ་སྡོད་བོགས་གཏོང་ཁང་པ་སོགས་ཉེན་ཁ་ཆེ་བའི་ས་ཁོངས་སུ་གཙོ་གནད་ཐོག་གྲལ་བཤེར་དང་ཞིབ་བཤེར་བྱ་རྒྱུ་རེད། ཟླ་3པའི་ཟླ་མཇུག་གོང་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རིམ་གསུམ་སྲིད་གཞུང་གིས་སྒོ་བྱང་བཀལ་ནས་མེ་སྐྱོན་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་ཁག་གཅིག་ལྟ་སྐུལ་སྒྲུབ་གཉེར་བྱེད་དུ་བཅུག་པ། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཤུགས་ཆེན་བཟོ་བ་དང་། ཡུན་རིང་ནར་འགྱངས་བྱས་ནས་བཅོས་སྒྲིག་མི་བྱེད་པ། མི་ཚོགས་ཤི་རྨས་ཀྱི་དོན་རྐྱེན་ཐོན་སླ་བ་བཅས་ཀྱི་རིགས་ཡིན་ཕྱིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་དུ་ཐོ་འགོད་བྱས་ནས་ལྟ་སྐུལ་སྒྲུབ་གཉེར་བྱ་རྒྱུར་འབུལ་རྒྱུ་རེད། མེ་ཟོན་སྡེ་ཚན་གྱིས་དུས་བཀག་བཞིན་འབྲེལ་ཡོད་ལས་རིགས་ཀྱི་གཙོ་འགན་སྡེ་ཚན་ལ་མེ་སྐྱོན་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་གནས་པའི་ཚན་པ་ཡིག་ཐོག་ནས་བརྡ་ཐོ་གཏོང་བ་དང་ཡོངས་བསྒྲགས་བྱེད་པ་དང་། ལས་དོན་གྲོས་འགོ་འདོན་པ། མེ་སྐྱོན་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་དག་ཐེར་བྱ་རྒྱུར་ལྟ་སྐུལ་བཅས་བྱ་རྒྱུ་རེད།
     འགན་འཁུར་བ་དེས་དུས་ཚོད་འགྱངས་ནས་སྒྱུར་བཅོས་མི་བྱེད་པའི་མེ་སྐྱོན་ཚབས་ཆེན་གྱི་རྐྱེན་ངན་མེ་ཟོན་བདེ་འཇགས་ཀྱི་བྱེད་སྤྱོད་ངན་པ་ཡོངས་བསྒྲགས་ཀྱི་ཁྱབ་ཁོངས་སུ་བཅུག་པ་དང་འབྲེལ་འཕེལ་རྒྱས་སྒྱུར་བཅོས་དང་། ཁྲོམ་རའི་ལྟ་སྡོམ། རིག་གནས་ཡུལ་སྐོར། དངུལ་རྩ། འཛིན་ལོར། འགན་བཅོལ་སོགས་སྡེ་ཚན་ལ་བརྡ་ཁྱབ་བཏང་ནས་ཡིད་རྟོན་དཔྱད་འཇོག་བྱེད་པ་དང་། རྣམ་གྲངས་ལ་མཆན་འགོད་སྤྲོད་པ། འཛིན་ལོར་དང་མ་དངུལ་བསྡུ་སྒྲིལ། དངུལ་ཁང་ནས་བུ་ལོན་གཡར་བ། སྐར་རིམ་དཔྱད་འཇོག་སོགས་བྱེད་སྐབས་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས་ཡིད་རྟོན་མ་ལག་ལག་ལེན་བསྟར་བ་བརྒྱུད་མཉམ་འབྲེལ་ཐོག་ཆད་གཅོད་བྱས་ཏེ་མེ་སྐྱོན་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་དག་ཐེར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མེ་ཟོན་སྡེ་ཚན་གྱིས་མེ་སྐྱོན་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་གནས་སའི་ཚན་པའི་མངོན་ཆེ་སར་མཚོན་རྟགས་དང་བྱང་བུ་བསྒར་བ་དང་། སྨྱན་སྦྱོར་གྱིས་མི་མངོན་པའི་རྐྱེན་ངན་དག་ཐེར་བྱས་ཚུལ་གཅིག་སྡུད་ཐོག་དམར་རྗེན་དུ་འདོན་པ་དང་རྗེས་སྙེག་སྤེལ་གཏོང་བྱ་རྒྱུར་མཐུན་སྦྱོར་བྱ་རྒྱུ་དང་། དེ་དང་དུས་མཚུངས་ལྟ་སྐུལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་ལྟར་མེ་སྐྱོན་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་དག་ཐེར་གྱི་བརྡ་ཐོ་བཏང་སྟེ། དུས་ཚོད་འགྱངས་ནས་བཅོས་སྒྲིག་མི་བྱེད་པའི་མེ་སྐྱོན་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་གནས་སའི་ཚན་པར“མཚམས་འཇོག་གསུམ”བྱེད་དགོས་པའི་བཀའ་གཏོང་བ་དང་། གནས་སྐབས་སྒོ་ཐེལ་རྒྱག་པ། བཙན་སྐུལ་ལག་བསྟར་སོགས་ཀྱི་ཁྲིམས་འཛིན་བྱེད་ཐབས་གང་ལེགས་སྤྱད་དེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།