འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་18ཉིན།

༄༅།།《ཞི་ཅིན་ཕིང་ཀྲེང་ཏིང་དུ་བཞུགས་རིང》ཞེས་པ་དཔེ་སྐྲུན་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་18ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། མུ་འབྲེལ་བཅར་འདྲིའི་ཟིན་ཐོ《ཞི་ཅིན་ཕིང་ཀྲེང་ཏིང་དུ་བཞུགས་རིང》ཞེས་པ་ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
     1982ལོའི་ཟླ་3པ་ནས་1985ལོའི་ཟླ་5པ་བར་བློ་མཐུན་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཀྲེང་ཏིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་ཏེ་ཀྲེང་ཏིང་དུ་ལོ་3ལྷག་ཙམ་རིང་ཕྱག་ལས་གནང་བ་རེད།      ཁོང་ཀྲེང་ཏིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་དང་ཉ་ཆུ་ལྟ་བུར་གྱུར་ནས་རྫོང་དེ་ཡོངས་ཀྱི་གྲོང་ཚོ་ཀུན་ལ་ཕེབས་ཏེ་སྒྱུར་བཅོས་སྒོ་དབྱེའི་འཐབ་ཕྱོགས་དང་པོར་འབད་བརྩོན་གནང་ནས་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་སྲིད་སྐྱོང་གི་བྱས་རྗེས་ཆེ་ལ་མཚན་སྙན་ཁྱབ་ཡོད། བཅར་འདྲིའི་ཟིན་ཐོ་ཁྱོན་22ཡོད་པར་བཅར་འདྲི་དང་ལེན་བྱེད་མཁན་གྲས་སུ་ཀྲུང་དབྱང་རྩ་འཛུགས་པུའི་བློ་མཐུན་རྒན་གྲས་དང་སྐབས་དེ་དུས་ཀྱི་ཀྲེང་ཏིང་རྫོང་ཨུད་ཚན་ཁག་གི་ཁོངས་མིའང་ཡོད་ལ་དེའི་སྐབས་ཀྱི་ལས་ཁུངས་ཀྱི་ལས་དོན་མི་སྣ་དང་ཁོང་ལ་བཅར་འདྲི་ཞུ་མྱོང་བའི་གསར་འགོད་པ་ཡང་ཡོད་པ་མ་ཟད། ལས་བྱེད་པ་དང་མང་ཚོགས་དཀྱུས་མའང་ཁག་གཅིག་ཡོད། བཅར་འདྲིའི་ཟིན་ཐོའི་སྐབས་བཅར་འདྲི་དང་ལེན་བྱེད་མཁན་གྱིས་ངག་ཐོག་ནས་བརྗོད་པ་ལྟར་བློ་མཐུན་ཞི་ཅིན་ཕིང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ལས་གནས་སུ་ཡོད་སྐབས་ཀྱི་འབད་བརྩོན་གྱི་ཞབས་རྗེས་གསོན་ཉམས་དོད་པོའི་ངང་སླར་ཡང་མངོན་པར་བྱས་ཁར་ཏང་ལ་བློ་དཀར་དང་། དམངས་ཆེད་སྲིད་སྐྱོང་། བརྟག་ཞིབ་ཟབ་མོ། དམ་པ་དོན་གཉེར། འབད་འབུངས་ཡར་བརྩོན། འགན་འཁུར་ཕོད་པ་བཅས་ཀྱི་ཕུལ་བྱུང་གི་ན་གཞོན་ལས་བྱེད་པའི་གཟུགས་བརྙན་ཇི་མ་ཇི་བཞིན་མངོན་པར་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་རང་ཉིད་ཀྱི་དཀའ་སྤྱད་རྔུལ་ཆུར་བརྟེན་ནས་ཀྲེང་ཏིང་གི་ས་གཞི་ཆེ་མོར་ཟིལ་ཤུགས་ཆེ་ལ་ལང་ཚོའི་ཉམས་བཟང་གི་ལེའུ་ཞིག་བརྩམས་ཡོད་པ་རེད།
     《ཞི་ཅིན་ཕིང་ཀྲེང་ཏིང་དུ་བཞུགས་རིང》ཞེས་པའི་རྩོམ་སྲོལ་བབ་ཆགས་ལ་ནང་དོན་ཞིབ་ཚགས་ཤིང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་ཉིད་ཏང་དང་མི་དམངས་ཀྱི་གཙོ་འཛིན་དུ་འཚར་ལོངས་བྱུང་བའི་འབད་འཐབ་ཀྱི་བརྒྱུད་རིམ་ཤེས་རྟོགས་བྱེད་པའི་ཀློག་དེབ་ཡག་པོ་ཞིག་དང་། དུས་རབས་གསར་པའི་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་ན་གཞོན་ལས་བྱེད་པའི་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་རྒྱུར་ལྕག་སྐུལ་བྱེད་པའི་གསོན་ཉམས་ལྡན་པའི་བསླབ་གཞི་ཞིག་ཡིན་ལ། བཀླགས་ན་སེམས་ལ་སྐུལ་ལྕག་ཐེབས་པ་དང་ལས་ཀར་བློ་སྒོ་འབྱེད་ཐུབ་པ་ཞིག་ཡོད།