འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་15ཉིན།

༄༅།།ཆུ་བེད་པུའི་པུའུ་ཀྲང་ཨེ་ཅིང་ཕིང་གིས་གསུངས་དོན། འབྲུབ་འགོག་ལ་ལྷོད་གཡེང་སྤུ་ཙམ་
ཡང་གཏོང་མི་རུང་། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་15ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཆུ་བེད་པུའི་པུའུ་ཀྲང་ཨེ་ཅིང་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་བགྲོད་ལམ”དུ་འདི་ལོའི་འབྲུབ་འགོག་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མ་བཏོང་བར་སྔོན་ཚུད་ནས་འབྲུབ་འགོག་གི་གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་གསུངས།
     འདི་ལོར་ཆུ་སྐྱོན་དང་ཐན་སྐྱོན་གྱི་གནོད་འཚེ་ཅུང་ཚབས་ཆེན་ཐོན་སྲིད་པར་དམིགས་ནས། ཨེ་ཅིང་ཕིང་གིས་ཆུ་ལོག་སྔོན་དཔག་སྔོན་བརྡ་དང་ཉེན་བརྡའི་ལས་དོན་སྤེལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་སྔོན་བརྡ་གཏོང་ཡུན་རིང་དུ་དང་སྔོན་བརྡ་གནད་ལ་འཁེལ་ཚད་ཆེ་རུ་ཧུར་ཐག་གཏོང་དགོས་པ་དང་། སྔོན་ཚུད་ནས་འབྲུབ་འགོག་གི་གྲ་སྒྲིག་ཡག་པོ་བྱས་ཏེ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་ཞེས་གསུངས།
     ཨེ་ཅིང་ཕིང་གིས་ཆུ་བེད་པུའུ་ཡིས་འཕྲལ་སྒྲུབ་དོ་དམ་པུའུ་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་སྒྲུབ་ཀྱི་ལས་དོན་མངོན་གསལ་དོད་པོས་ཡག་པོར་བསྒྲུབས་ཏེ། གོམ་སྟབས་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་ངང་འབྲུབ་འགོག་བྱེད་ཀྱི་ཡིན། ཆུ་བེད་ལས་གྲྭ་བཀོལ་སྤྱོད་དོ་དམ་དང་བཀོད་གཏོང་ལེགས་སུ་གཏོང་བར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་ཆུ་མཛོད་98000ལྷག་ཙམ་དང་། རྒྱལ་ཁབ་རིམ་པའི་འབྲུབ་ཆུ་གསོག་ཁུལ་དང་སྐྱིལ་ཁུལ་98 སྤྱི་ལེ་ཁྲི་30ལྷག་ཟིན་པའི་རགས་ཁ་བཅས་ལ་བརྟེན་ནས་ཆུ་ལོག་བཀག་སྟེ། གནོད་འཚེ་ལས་བྱུང་བའི་གྱོང་གུན་ཆུང་དུ་གཏོང་དགོས་ཞེས་གསུངས།
     “ལྷག་པར་དུ་འབྲི་ཆུའི་ཆུ་མཛོད་ཚོགས་སྟོབས་ཆེན་ལ་དོ་དམ་ཡག་པོ་དང་བཀོད་གཏོང་ཡག་པོ་བྱེད་དགོས” ཁོང་གིས་མིག་སྔར་འབྲི་ཆུའི་གཞུང་ཆུ་ཁོ་ནར་ཆུ་མཛོད་ཆེ་གྲས་40ཙམ་མཉམ་འབྲེལ་བཀོད་གཏོང་བྱེད་ཀྱི་ཡོད་པར་བརྟེན་ཆུ་མཛོད་ཆེ་གྲས་དེ་དག་ལ་བརྟེན་ནས་ཆུ་ལོག་གི་ཉེན་ཁ་ཆུང་དུ་ནུས་ལྡན་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་བདེ་འཇགས་འགན་ལེན་བྱེད་ཐུབ་ཅེས་གསུངས།