འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་15ཉིན།

༄༅།།ཨུ་ཡོན་ལུའི་དབྱི་ཐའོ་ཡིས་གསུངས་དོན། མི་དམངས་ལ་བརྩམས་ཆོས་རྩེ་གྲ་བཏོད་དེ་དུས་རབས་གསར་པའི་
ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་དགོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་15ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཨུ་ཡོན་ལུའི་དབྱི་ཐའོ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏམ་བཤད་གནང་སྐབས། རིག་རྩལ་ལས་དོན་པས་ངེས་པར་དུ་དུས་རབས་ཀྱི་ལས་འགན་མཐའ་སྲུང་དང་ལག་བསྟར་བྱས་ཏེ་དུས་རབས་ལ་དམིཌ་པ་དང་། དུས་རབས་ལ་ལྟ་བསྡུར། དུས་རབས་ཀྱི་ཁྱད་ཆོས་མཚོན་པ་བཅས་བྱེད་པ་ནི་ང་ཚོ་གསར་རྩོམ་པའི་འགན་འཁྲིར་བརྩིས་ནས་གསར་རྩོམ་བྱས་པའི་བརྩམས་ཆོས་དུས་རབས་ཀྱི་འཕེལ་ཕྱོགས་དང་། མཐུན་དགོས་པ་དང་། དེང་རབས་ཀྲུང་གོ་བས་ཕུགས་འདུན་དོན་གཉེར་བྱེད་པའི་གཏམ་རྒྱུད་དང་། དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཀྲུང་གོ་བའི་འབད་འཐབ་གཏམ་རྒྱུད། རླབས་ཆེན་དུས་རབས་འདིར་ཀྲུང་གོར་ཐོན་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་གཏམ་རྒྱུད་བཅས་བརྗོད་དགོས་ཞེས་གསུངས།
     ལུའི་དབྱི་ཐའོ་ཡིས“ཀྲུང་གོའི་གཏམ་རྒྱུད་ཡག་པོར་བརྗོད་པར”བརྒྱུད་སྤེལ་ལས་སྟེགས་ཀྱི་ལེགས་ཆ་མཉམ་བསྡུས་བྱེད་དགོས་པ་དང་། གཙོ་རྒྱུན་བརྒྱུད་སྤེལ་གྱི་ཁྲིད་སྟོན་ནུས་པ་ཟམ་མི་ཆད་པར་ཆེར་གཏོང་དང་དྲང་ཕྱོགས་དྲིལ་བསྒྲགས་ཀྱིས་མི་རྣམས་ལ་སྐུལ་མ་དང་སྐུལ་ལྕག་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ང་ཚོས་དུས་བབ་གལ་ཆེན་ལ་སྟངས་འཛིན་དང་གནད་སྨིན་ཇུས་འདོན་གྱིས་བརྒྱུད་སྤེལ་ནུས་པ་དང་གསར་རྩོམ་ནུས་པ་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ནས་དོན་དངོས་དང་། ཤོ་གཟུགས། ཕྱོགས་ཡོངས་བཅས་ཀྱི་དེང་རབས་ཀྲུང་གོའི་གཟུགས་བརྙན་ངོམ་དགོས།      ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་གཏམ་རྒྱུད་དང་ཀྲུང་གོ་མི་དམངས་ཀྱིས་འབད་བརྩོན་བྱས་ནས་ཕུགས་འདུན་འགྲུབ་པའི་གཏམ་རྒྱུད་ཡག་པོར་བརྗོད་དེ། དུས་རབས་གསར་པའི་ཀྲུང་གོ་བའི་ཟུངས་ཤུགས་ངོམ་ནས་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་ཐུབ་པར་བྱེད་དགོས་ཞེས་གསུངས།