འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་15ཉིན།

༄༅།།“གསེར་འབྲུག-2019”ཞེས་པའི་ཀྲུང་ཁམ་མཉམ་འབྲེལ་སྦྱོང་བརྡར་ཁམ་ཕུ་ཁྲེར་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་15ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁམ་ཕུ་ཁྲེའི་གོང་པོ་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་དམག་དཔུང་གི“གསེར་འབྲུག-2019”ཞེས་པའི་མཉམ་འབྲེལ་སྦྱོང་བརྡར་ཚེས་13ཉིན་ཁམ་ཕུ་ཁྲེའི་ཀུང་པོ་ཞིང་ཆེན་གྱི་རྒྱལ་པོ་ཚང་དམག་དཔུང་གི་རྐང་དམག་ལུའེ་70ཡི་ཕྱོགས་བསྡུས་སྦྱོང་བརྡར་ཐང་དུ་སྦྱོང་བརྡར་བྱེད་འགོ་ཚུགས་ཤིང་། ཁམ་ཕུ་ཁྲེའི་རྒྱལ་པོ་ཚང་དམག་དཔུང་གི་སྤྱི་ཁྱབ་སི་ལིང་ཧྲང་ཅང་དམག་དཔོན་ཧྥེང་ཕི་སེན་དང་།     ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་དམག་ཁུལ་གྱི་སྐམ་དམག་གི་ཚན་མོའུ་ཀྲང་གཞོན་པ་ཧྲའོ་ཅང་དམག་དཔོན་ཧྥེང་ཞང་དང་དེ་བཞིན་དམག་དཔུང་གཉིས་ཀྱི་སྦྱོང་བརྡར་ནང་ཞུགས་མཁན་དཔོན་དམག་716སྦྱོང་བརྡར་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།