འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་15ཉིན།

༄༅།།ཀན་སུའུ་ལུང་ནན་གྱི་དམངས་སྲོལ་རིག་རྩལ་ནེའུ་ཙི་ལན་དུ་འཁྲབ་སྟོན་བྱས་པ། དམངས་ཚོགས་ཀྱིས་བོད་
དམག་བོད་རིགས་ཀྱི་དམངས་སྲོལ་མྱོང་རོལ་བྱེད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་15ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་ཆར། ཀན་སུའུ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ལུང་ནན་གྲོང་ཨུད་དྲིལ་བསྒྲགས་པུའུ། ལུང་ནན་གྲོང་ཁྱེར་ཕྱི་དོན་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་པའི་ལུང་ནན་བོད་དམག་བའི་དམངས་སྲོལ་རིག་གནས་སྒྱུ་རྩལ་ཚོགས་པ་ནེའུ་ཙི་ལན་དུ་བསྐྱོད་དེ་རིག་གནས་སྤེལ་རེས་ཀྱི་བྱེད་སྒོར་ཞུགས་པས་ནེའུ་ཙི་ལན་གྱི་དམངས་ཚོགས་དང་ཡུལ་སྐོར་བ་ཁྲི་5ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད་ལ། ཁོ་ལེ་སི་ཐེ་ཁྲེ་ཆི་གྲོང་ཁྱེར་སྲིད་གཞུང་དང་། ནེའུ་ཙི་ལན་གྱི་ཀྲུང་གོ་མཛའ་གྲོགས་མཐུན་ཚོགས། ཁེ་གྲོང་ཁྱེར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བཅས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད།
     ཉིན་གསུམ་བསྟུད་མར་འཁྲབ་སྟོན་ཐེངས་5བྱས་པ་བརྒྱུད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ལ་ནེའུ་ཙི་ལན་གྱི་དམངས་ཚོགས་ཀྱི་དགའ་བསུ་ཐེངས་མང་ཐོབ་པ་མ་ཟད། ད་དུང་མི་མི་ཉུང་བ་ཞིག་གིས་བོད་དམག་བོད་རིགས་ཀྱི་ཞྭ་མོ་གྱོན་ནས་མཉམ་དུ་དྲན་རྟེན་པར་བརྒྱབ་ཡོད་པ་རེད།
     ལུང་ནན་བོད་དམག་བའི་དམངས་སྲོལ་རིག་གནས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་། ད་ཐེངས་ནེའུ་ཙི་ལན་དུ་འཁྲབ་སྟོན་བྱེད་པར་བསྐྱོད་པ་ནི་ཕྱི་རྒྱལ་དུ་སྐྱོད་ཐེངས་དང་པོ་དེ་རེད། ཁོ་ལེ་སི་ཐེ་ཁྲེ་ཆི་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་གྱི་མཛའ་གྲོགས་གྲོང་ཁྱེར་ཞིག་ཡིན་པ་དང་ལུའུ་དབྱི·ཨའེ་ལི་ཡི་ཕ་ཡུལ་ཡིན་ཞིང་། ད་ཐེངས་ཀྱི་གདན་ཞུའི་འཚམས་འདྲིའི་འཁྲབ་སྟོན་ནི་ཕྱོགས་གཉིས་པོའི་དབར་མཛའ་གྲོགས་འབྲེལ་བ་བཙུགས་ནས་ལོ་35འཁོར་བའི་དྲན་རྟེན་བྱེད་སྒོའི་གྲས་ཤིག་ཡིན་པ་རེད།