འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་15ཉིན།

༄༅།།འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་ཉི་གཡོད་ཧྥུང་གིས་གསུངས་དོན། འདི་ལོ་ཕྱི་རྒྱལ་གྱི་གད་སྙིགས་ལྐོག་ཚོང་ལ་མུ་
མཐུད་རྡུང་རྡེག་གཏོང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་15ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་ཉི་གཡོད་ཧྥུང་གིས་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་གི་བགྲོད་ལམ”ཐོག་འདི་ལོ“དགུང་སྔོན་2019”ཡི་ཆེད་དམིགས་བྱ་སྤྱོད་སྤེལ་ནས་ཕྱི་རྒྱལ་གྱི་གད་སྙིགས་ལྐོག་ཚོང་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཕྱི་རྒྱལ་གྱི་གད་སྙིགས་ནང་འདྲེན་ལ་གཏན་འགོག་ཡག་པོ་བྱ་རྒྱུ་ནི་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བའི་མཚོན་བྱེད་རང་བཞིན་གྱི་བྱ་ཐབས་ཤིག་རེད། ཉི་གཡོད་ཧྥུང་གིས་ན་ནིང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས“དགུང་སྔོན་2018”ཀྱི་ཆེད་དམིགས་བྱ་སྤྱོད་སྤེལ་བ་མ་ཟད། སྲ་གཟུགས་སྙིགས་རོའི་ལྐོག་ཚོང་ལ་ཆེད་དམིགས་རྡུང་རྡེག་བྱ་སྤྱོད་ཐེངས་ལྔ་སྤེལ་བས་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད་ཅེས་གསུངས་པ་རེད།
     འགག་སྒོ་ལས་ཁུངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་འགག་སྒོའི་ཞིབ་བཤེར་མཉམ་འདྲེས་བྱས་ཏེ་ཕྱི་རྒྱལ་གྱི་གད་སྙིགས་ལྐོག་ཚོང་ལ་རྡུང་རྡེག་གཏོང་རྒྱུར་བྱ་ཐབས་ནུས་ལྡན་མཁོ་འདོན་བྱས་ཡོད། ཉི་གཡོད་ཧྥུང་གིས་ན་ནིང་ཕྱིའི་ས་ཁོངས་ནས་གྲུ་གཟིངས་ནང་མ་བླུགས་གོང་གི་ཞིབ་བཤེར་ལས་དོན་སྒྲུབ་རིང་། འགག་སྒོ་ལས་ཁུངས་ཀྱིས་ཚད་གཞི་མ་ལོན་པའི་སྲ་གཟུགས་སྙིགས་རོ་ཏུན་ཁྲི་15ལྷག་ཙམ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བས་ཕྱི་རྒྱལ་གྱི་གད་སྙིགས་རང་རྒྱལ་དུ་དབོར་འདྲེན་བྱ་རྒྱུར་བཀག་འགོག་ནུས་ལྡན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
     ལྐོག་འདྲེན་བྱེད་མཁན་འཛིན་བཟུང་གི་ལས་དོན་ལ་སྐུལ་འདེད་ཡག་པོ་གཏོང་ཆེད། རྒྱལ་སྤྱིའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ཁོང་གིས“རྒྱལ་ཁབ་ལ་ལས་བཅོས་སྐྱོང་བྱེད་པ་དང་ལ་ལས་བཅོས་སྐྱོང་མ་བྱས་ཚེ་ཕྱི་རྒྱལ་གྱི་གད་སྙིགས་ལྐོག་ཚོང་གི་གནད་དོན་དེ་རྟག་ཏུ་གནས་རྒྱུ་ཡིན”ཞེས་གསུངས་པ་རེད། ཀྲུང་གོ་འགག་སྒོས་ན་ནིང“ས་གཞི་ཆེན་པོའི་ལྷ་མོ”ཞེས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་སྤེལ་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ། གྲུབ་འབྲས་ཐོབ་པའི་ངང་སྤེལ་བས་རྒྱལ་ཁབ་དང་ས་ཁུལ་75དེའི་ནང་ཞུགས་པ་དེས་རྒྱལ་ཁབ་ཁག་གི་སྲ་གཟུགས་སྙིགས་རོ་ཚུར་བསྡུ་དང་། བེད་སྤྱོད། ཐག་གཅོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་ཐུབ་ཡོད་པ་རེད།