འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་14ཉིན།

༄༅།།ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་14ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་15ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་མཇུག་སྒྲིལ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མའི་ཐོག་བརྩེགས་གསུམ་པའི་གསེར་མདོག་ཚོམས་ཆེན་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་ཐུག་འཕྲད་གནང་རྒྱུ་མ་ཟད། གསར་འགོད་པའི་དྲི་བར་ལན་འདེབས་རྒྱུ་རེད། སྐབས་དེར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཙུང་ལི་དང་གསར་འགོད་པའི་ཐུག་འཕྲད་གནས་ཚུལ་ཐད་གཏོང་བྱ་རྒྱུ་དང་། ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོའི་གསར་འགྱུར་དྲ་ཚིགས་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་ནས་དུས་ཐོག་ཏུ་གསར་འགྱུར་སྤེལ་རྒྱུ་རེད།