འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་14ཉིན།

༄༅།།ཁྲིམས་འཛིན་པུའི་པུའུ་ཀྲང་ཧྥུའུ་ཀྲེང་ཧྭ་ཡིས་བརྗོད་དོན། “ནན་ཤོས་བཞི”ལ་བརྟེན་ནས་བཟའ་བཅའ་
དང་སྨན་རྫས་ཀྱི་བདེ་འཇགས་མུ་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་14ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཁྲིམས་འཛིན་པུའི་པུའུ་ཀྲང་ཧྥུའུ་ཀྲེང་ཧྭ་ཡིས་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་བགྲོད་ལམ”དུ་ཚད་གཞི་ནན་ཤོས་དང་། ལྟ་འདོམས་བྱ་ཐབས་ནན་ཤོས། ཆད་གཅོད་ནན་ཤོས། འགན་འཁྲི་རྩད་གཅོད་ནན་ཤོས་བཅས་ལ་བརྟེན་ནས་རང་རྒྱལ་གྱི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་མུ་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
     བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ནི་མི་དམངས་དུང་ཕྱུར་14ཙམ་དང་འབྲེལ་བ་ཡོད། དེ་ནི་གཞི་རྩའི་དམངས་འཚོའི་གནད་དོན་ཞིག་རེད་ལ། སྤྱི་པའི་བདེ་འཇགས་ཀྱི་གནད་དོན་ཞིག་ཀྱང་རེད། ཧྥུའུ་ཀྲེང་ཧྭ་ཡིས“བཟའ་བཅའ་དང་སྨན་རྫས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་གི་མ་གནས་དམའ་བ་དང་ཆད་གཅོད་གུ་ཡངས་ནུས་མེད་ཡིན་པའི་གནད་དོན་ལ་དམིགས་ནས་བཅའ་ཁྲིམས་ཀྱི་བཟོ་བཅོས་འདོར་འགྲེལ་བཞིར་ཤུགས་སྣོན་རྒྱག་དགོས”ཞེས་གསུངས་པ་དང་། ཁོང་གིས་བྱེད་ཐབས་ལེགས་སུ་གཏོང་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་ཀྱི་ནུས་པ་དངོས་སུ་ཐོན་པར་བྱས་ནས་སུས་ཀྱང་ཐུག་མི་ནུས་པའི་མཐོ་གནོན་གློག་ལྟ་བུར་གྱུར་པར་བྱས་ཏེ་མི་དམངས་ཀྱི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས།
     “ང་ཚོས་ཚད་གཞི་ནན་ཤོས་དང་། ལྟ་འདོམས་བྱ་ཐབས་ནན་ཤོས། ཆད་གཅོད་ནན་ཤོས། འགན་འཁྲི་རྩད་གཅོད་ནན་ཤོས་བཅས་ལ་བརྟེན་ནས་རང་རྒྱལ་གྱི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་མུ་མཐུད་ལེཌ་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་སྔར་བས་བློ་ཡིད་ཚིམ་ཞིང་། མང་ཚོགས་ལ་བདེ་འཇགས་ཀྱི་བཟའ་བཅའ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་ཡིན”ཞེས་ཧྥུའུ་ཀྲེང་ཧྭ་ཡིས་གསུངས།