འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་13ཉིན།

༄༅།།བོད་ལྗོངས་སུ་རིམ་བཞིན་དབང་པོ་སྐྱོན་ཅན་གྱི་འཕྲུལ་སྒུལ་འཁོར་རིགས་རིན་པ་མི་དགོས་པར་འཇོག་རྒྱུ་
འཐུས་ཚང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་13ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་སུ་རིམ་བཞིན་དབང་པོ་སྐྱོན་ཅན་གྱི་འཕྲུལ་སྒུལ་འཁོར་རིགས་རིན་པ་མི་དགོས་པར་འཇོག་རྒྱུ་
འཐུས་ཚང་དུ་བཏང་བ།
     མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཚོང་ར་ཞིག་གི་རླངས་འཁོར་འཇོག་ས་ཞིག་ཏུ། དབང་པོ་སྐྱོན་ཅན་གྱི་ཁ་ལོ་བ་བདེ་གཡང་དང་བསྟན་འཛིན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐང་ལག་སྐྱོན་ཅན་མཐུན་ཚོགས་ཀྱི་ཚབ་ཞུས་ནས། རླངས་འཁོར་འཇོག་སའི་དོ་དམ་མི་སྣར་གོས་དར་ཞིག་སྤྲད་པ་རེད། རླངས་འཁོར་འཇོག་ས་འདི་ནི་བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་འཕྲུལ་སྒུལ་འཁོར་རིགས་རིན་པ་མེད་པར་འཇོག་ས་ཨང་དང་པོར་འགྱུར་པ་རེད། བདེ་གཡང་གིས་མ་འོངས་པར་བོད་ལྗོངས་སུ་དབང་པོ་སྐྱོན་ཅན་གྱི་འཕྲུལ་འགུལ་འཁོར་རིགས་རིན་པ་མི་དགོས་པར་འཇོག་ས་དེ་བས་མང་བ་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། 2017ལོར་བོད་ལྗོངས་ཀྱིས་ཁག་དང་པོའི་དབང་པོ་སྐྱོན་ཅན་གྱི་ཁ་ལོ་བའི་རྒྱུགས་སྤྲོད་འགོ་བརྩམས་པ་དང་། མིག་སྔའི་བར། རྐང་ལག་ལ་སྐྱོན་ཡོད་པའི་མི་32ལ་ཁ་ལོ་བའི་C5ལག་ཁྱེར་རག་ཡོད་པ་རེད།
༄༅།།བོད་ལྗོངས་སུ་རིམ་བཞིན་དབང་པོ་སྐྱོན་ཅན་གྱི་འཕྲུལ་སྒུལ་འཁོར་རིགས་རིན་པ་མི་དགོས་པར་འཇོག་རྒྱུ་
འཐུས་ཚང་དུ་བཏང་བ།