འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་12ཉིན།

༄༅།།ཀུན་སྤྱོད་བཟང་བའི་མི་སྣ་སྐྱོང་བར“གསལ་པོ་ཤོད་དགོས་པ་དྲུག”ལ་གནད་འཕིགས་
ཤུགས་འདོན་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་12ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཨུ་ཡོན་ཏེང་ཁྲུན་ཏུང་གིས་ཚེས་10ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཚོགས་ཆེན་གྱི་གཏམ་བཤད་གནང་སྐབས་ཀུན་སྤྱོད་བཟང་བའི་མི་སྣ་སྐྱོང་བའི་སློབ་གསོ་ཡག་པོ་གཉེར་ནས་གཞོན་ནུ་ལོ་ཆུང་ལ་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱེད་སྐབས“གསལ་པོ་ཤོད་དགོས་པ་དྲུག”ལ་གནད་འཕིགས་ཤུགས་འདོན་བྱེད་དགོས་ཞེས་གསུངས་པ་རེད།
     ཏེང་ཁྲུན་ཏུང་གིས་བཏོན་གནང་བའི“གསལ་པོ་ཤོད་དགོས་པ་དྲུག”གི་གྲས་སུ་མར་ཁེ་སི་རིང་ལུགས་ཀྱི་ཤེས་རྟོགས་སྨྲ་བ་དང་བརྟག་ཐབས་སྨྲ་བ་གསལ་པོ་ཤོད་དགོས་པ་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་ཡར་རྒྱས་ཀྱི་ཆོས་ཉིད་དང་ལྷག་པར་དུ་ཉེ་རབས་ཚུན་གྱི་ཀྲུང་གོའི་ལོ་རྒྱུས་འཕོ་འགྱུར་གྱི་ཆོས་ཉིད་གསལ་པོ་ཤོད་དགོས་པ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ལམ་བུ་དང་ཉམས་མྱོང་དང་བསླབ་བྱ་གསལ་པོ་ཤོད་དགོས་པ། དེང་རབས་འཛམ་གླིང་གི་དར་རྒྱས་ཆེ་བའི་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་གནས་ཚུལ་གསར་པ་གསལ་པོ་ཤོད་དགོས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འབྱུང་རྐྱེན་དང་། ངོ་བོ། ནང་དོན་བཅས་གསལ་པོ་ཤོད་དགོས་པ། མིའི་རིགས་ཀྱི་དྲང་བདེན་དང་ཡར་ཐོན་བྱ་གཞག་ཆེད་འབད་འཐབ་གནང་མཁན་གྱི་གནའ་དེང་ཀྲུང་ཕྱིའི་དཔེ་མཚོན་མི་སྣ་དང་བྱ་བ་གསལ་པོ་ཤོད་དགོས་པ་བཅས་ཚུད་ཡོད་པ་རེད།
     ཏེང་ཁྲུན་ཏུང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ངོས་ནས་གལ་ཏེ་ང་ཚོས་ལས་དོན་ཏན་ཏིག་བསྒྲུབས་ནས“གསལ་པོ་ཤོད་དགོས་པ་དྲུག་པོ”འདི་དག་ཡག་པོ་བྱེད་ཐུབ་ན་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཡང་དག་པའི་ལངས་ཕྱོགས་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས། སྔོན་ཐོན་གྱི་བསམ་བློར་བརྟེན་ནས་སྤྱི་ཚོགས་ངོས་འཛིན་དང་། འཇིག་རྟེན་ངོས་འཛིན་བཅས་བྱེད་པར་སྐུལ་འདེད་ཤུགས་ཆེན་ཐེབས་ནས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་དད་སེམས་བརྟན་པོ་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་བརྟན་པོ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་དད་སེམས་བརྟན་པོ་བཅས་ཆགས་ནས་མེས་རྒྱལ་དང་མི་དམངས་ལ་དགའ་ཞེན་བྱེད་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཆེད་ལེགས་སྐྱེས་འབུལ་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་འབད་འཐབ་ལྷོད་མེད་བྱེད་པར་གཞོལ་བ་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་འཛུགས་པ་དང་། བདེན་ལེགས་མཛེས་གསུམ་གྱི་མི་ཚེའི་རེ་སྙེགས་མངོན་འགྱུར་བྱེད་པ། སེམས་བཟང་ཡ་རབས་ཀྱི་མི་གཤིས་ཀུན་སྤྱོད་ཞུན་བརྡར་བཅས་བྱེད་ཐུབ་ཅེས་གསུངས་པ་རེད།