འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་12ཉིན།

༄༅།།འཕེལ་མེད་སོར་གནས་ཀྱི་གྲོང་གསེབ་ཀྱི་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ་གནས་ཐང་འཕར་བའི་ཕན་
ནུས་ཐོན་པ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་12ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་རྒྱལ་ཁབ་བཤས་ཕྱུགས་རྒྱུད་པ་ལེགས་བཅོས་ལྟེ་གནས་ཀྱི་ཀྲུའུ་རེན་ཙན་ལིན་སེན་གྱིས་གྲོང་གསེབ་དར་རྒྱས་གཏོང་བར་འཕེལ་མེད་སོར་གནས་ཀྱི་གྲོང་གསེབ་ཀྱི་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ་གནས་ཐང་འཕར་བའི་ཕན་ནུས་ཐོན་པ་བྱེད་དགོས་པ་དང་རིག་གནས་ཐོན་ལས་དང་ཞིང་ལས་དང་། ཚོང་ལས། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་བཅས་མཉམ་འདྲེས་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་དཔལ་འབྱོར་དར་རྒྱས་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
    ཞིང་ལས་ཚན་རྩལ་གྱི་རིགས་གཅིག་མཁས་པ་ཙན་ལིན་སེན་གྱིས་རྟག་ཏུ་གྲོང་གསེབ་ཏུ་བརྟག་ཞིབ་གནང་བར་སྐྱོད་ཀྱི་ཡོད། ཁོང་གིས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བའི་ཁྲོད་གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྱོང་གི་དུས་རབས་རང་བཞིན་ཚད་གཞི་མཐོ་པོའི་སྒོ་ནས་མངོན་པ་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་ཁྱད་ཆོས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མངོན་པ་བྱེད་དགོས། གྲོང་གསེབ་ཀྱི་རིག་གནས་ཤུལ་བཞག་ཞིབ་འཇུག་དང་སྲུང་སྐྱོང་གཏིང་ཟབ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་སོ་ནམ་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ལ་སྣོད་བཅུད་རིག་གནས་ཀྱི་རིན་ཐང་ཡང་མཚོན་པ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
     ཙན་ལིན་སེན་གྱིས“གྲོང་གསེབ་ཁོ་ནར་ཡོད་པའི་དམངས་སྲོལ་རིག་གནས་དང་། བཟའ་འཐུང་རིག་གནས། དམངས་ཁྲོད་བཟོ་རྩལ་སོགས་ཀྱི་བྱེད་སྒོར་གར་སྟེགས་ཡོད་པ་དང་། འགྲེམས་སྟོན་བྱེད་སའི་ཁང་པ་ཡོད་པ། གཉེར་སྐྱོང་བྱེད་ས་ཡོད་པ། དྲིལ་བསྒྲགས་བྱེད་སའི་ལས་སྟེགས་ཡོད་པ་བཅས་བྱེད་དགོས”རིག་གནས་ཐོན་ལས་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། རིག་གནས་ཀྱི་འདུ་ཤེས་གྲོང་གསེབ་དར་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཁྱབ་པར་བྱས་ཏེ་རིག་གནས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་པ་མ་ཟད། ད་དུང་གྲོང་གསེབ་ཀྱི་རིག་གནས་ཐོན་ལས་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།