འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་12ཉིན།

༄༅།།ད་ལོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྣོད་བཅུད་ཁོར་ཡུག་ལྟ་སྐུལ་གྱི་གཙོ་
གནད་ནི“ཆུ”ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་12ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་10ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ན་ནིང་སྤེལ་བའི་མཁའ་རླུང་གི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་དང་ཞིབ་བཤེར་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ཐོབ་ཡོད། ད་ལོ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་ལྟ་སྐུལ་གྱི་གཙོ་གནད་ཕྱོགས་གང་ལ་ཤུགས་རྒྱག་དགོས་སམ་ཞེ་ན། གསར་འགོད་པས་ཚེས་10ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ནས་ཤེས་པ་ནི་ཆུ་ཡིན་པ་རེད།
     “ད་ལོ་ལྟ་སྐུལ་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་ནི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་དང་ཞིབ་བཤེར་ཡིན་ལ་དེ་ནི་ཁྲིམས་བཞིན་དྭངས་ཤིང་གཙང་བའི་ཆུ་སྲུང་སྐྱོང་གི་དམག་འཐབ་ཡག་པོ་རྒྱག་རྒྱུ་དེ་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཏོའུ་ཧྲུའུ་ཧྭས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་ཐོག་བརྗོད་ཅིང་། 
     ཁོང་གིས། གཙོ་གནད་ཐོག་འཐུང་ཆུའི་བདེ་འཇགས་འགན་ལེན་ལམ་ལུགས་ལག་བསྟར་བྱས་ཚུལ་དང་། ཆུ་སྦགས་བཙོག་འགོག་བཅོས་ཀྱི་ཚད་གཞི་དང་། འཆར་འགོད། ལྟ་སྐུལ་དོ་དམ་གྱི་ལམ་ལུགས་བཅས་ལག་བསྟར་བྱས་ཚུལ། དེ་བཞིན་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་མཚེའུ། གཙོ་གནད་ས་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱེད་ཐབས། བཅའ་ཁྲིམས་འགན་འཁྲིའི་དོན་འཁྱོལ་གནས་ཚུལ་བཅས་ལ་ཞིབ་བཤེར་བྱ་རྒྱུ་ཡིན་ཞེས་ཀྱང་གསུངས་པ་རེད།
     ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ད་ལོའི་ཟླ་4པ་ནས་6པའི་རིང་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུ་དང་། ཟླ་8པར་ཁྲིམས་འཛིན་ཞིབ་བཤེར་གྱི་སྙན་ཞུ་ཉན་པ་དང་འབྲེལ་ཆེད་དོན་འདྲི་རྩད་བྱ་རྩིས་ཡོད་པ་རེད།
     ཁོང་གིས། ད་ལོར་དམིགས་པའི་དཔྱད་དཔོག་ལམ་སྲོལ་འཚོལ་ཞིབ་དང་ལག་བསྟར་བྱ་རྒྱུ་དང་འབྲེལ་མཁའ་རླུང་གི་སྦགས་བཙོག་འགོག་བཅོས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་སྟངས་ཡག་པོ་མུ་མཐུད་སྤྱད་ནས་རིམ་ལྔའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། འབྲེལ་ཡོད་ཀྱི་རིགས་གཅིག་མཁས་ཅན། གཞི་རིམ་གྱི་ཁྲིམས་འཛིན་མི་སྣ། ཁེ་ལས་ཀྱི་འཐུས་མི་བཅས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཕྱོགས་ཡོངས་དང་། ཡང་དག གཏིང་ཟབ་བཅས་ཀྱི་སྒོ་ནས་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ཤེས་རྟོགས་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
     ལྟ་སྐུལ་ལས་དོན་དེ་ད་དུང་ཁྲིམས་འཛུགས་ལས་དོན་དང་ཟུང་འབྲེལ་བྱ་རྒྱུ་རེད། ཏོའུ་ཧྲུའུ་ཧྭས། འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད། ད་རེས་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ཁྲིམས་འཛིན་དང་ཞིབ་བཤེར་བརྒྱུད་གཅིག་སྡུད་ཐོག་འབྲི་ཆུ་རྒྱུག་ཁུལ་གྱི་གནད་དོན་བསྡུ་རུབ་བྱ་རྒྱུ་དང་བསམ་འཆར་ཉན་ནས་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དང་ལྟ་སྐུལ་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།