འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་11ཉིན།

༄༅།།ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པའི་ཁྲོད་ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་
འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་11ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པའི་ཁྲོད་ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས།
     “ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བྱེད་སྟངས་ཤིག་བཟོ་རྒྱུ་ནི་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེར་དམིགས་ཚད་དང་བླང་བྱ་གཏན་འཁེལ་བྱེད་པ་ཞིག་རེད། རང་རྒྱལ་འདི་ཉིད་ཡིད་དབང་འཕྲོག་ཤུགས་དང་འགྲན་རྩོད་ཀྱི་ནུས་པ་དེ་བས་ཆེ་བའི་མ་འཇོག་བྱ་ཡུལ་ལ་འགྱུར་བ་བྱས་ཏེ་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པའི་ཁྲོད་ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྥུའུ་ཅན་དགེ་འོས་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་ཡོན་ཀྲང་ཧོང་མའོ་ཞིང་གིས་གསུངས།
     “སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་གསར་པ་དོན་འཁྱོལ་ཐུབ་མིན་ནི་བརྟན་པོ་འཕར་བ་དང་། དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་སོགས་ཀྱི་ལས་དོན་ཁག་དང་འབྲེལ་བ་ཡོད་ལ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། དེས་ན་ལོ་གསར་པར་སྒྱུར་བཅོས་སྒོ་དབྱེའི་མྱུར་ཚད་དེ་བས་མགྱོགས་སུ་འགྲོ་སྲིད་པ་མ་འོངས་སྔོན་ཤེས་ཐུབ”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྥུའུ་ཅན་ཞིང་ཆེན་སྐམ་ས་གསར་པའི་ཚན་རྩལ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཝང་ཅིང་གིས་གསུངས།
     “དོན་དག་གཅིག་སྒྲུབ་པར་སྐར་ཁུང་གཅིག་ནས་བདག་སྤྲོད་དང་། ཕྱོགས་བསྡུས་ཞབས་ཞུ། དུས་བཅད་ཐག་གཅོད། ཐེངས་གཅིག་ལས་འགྲོ་མི་དགོས་པ་བཅས་བྱས་ཏེ་སྲིད་གཞུང་གི་སྒྱུར་བཅོས་ཆོད་སེམས་མངོན་པར་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲེ་ཅང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སི་ཅན་མིན་གྱིས་གསུངས།
     “སྔོན་ཆད་ཁེ་ལས་ཐོ་འགོད་བྱེད་པར་ཁེ་ལས་ཀྱི་འགན་འཁུར་བ་ངོ་མ་ཐོ་འགོད་བྱེད་སར་འགྲོ་དགོས་པ་དང་ད་ཆ་དྲ་བ་ནས་གཉེར་ཐུབ་ཀྱི་ཡོད། སྔོན་ཆད་སྲིད་གཞུང་སྡེ་ཚན་དུ་བསྐྱོད་ནས་དོན་དག་སྒྲུབ་སྐབས་སྐད་ཆ་དྲིས་ན་ལན་འདེབས་མཁན་མེད་པ་དང་། ད་ཆ་རང་འགུལ་ངང་ཁེ་ལས་བཙལ་ནས་འགྲོ་ལུགས་གཉེར་བའི་བརྒྱུད་རིམ་ཤོད་ཀྱི་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པེ་ཅིང་ཞིང་པའི་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྥེང་གཡོད་ཕིང་གིས་གསུངས།