འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་11ཉིན།

༄༅།།ཁྲེན་ཤིའི་ཝུན་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་ཀྱི་གཉེར་སྐྱོང་རྣམ་པའི་འཛུགས་སྐྲུན་ས་ཆ་ཁྲོམ་རར་འདོན་
རྒྱུ་དེ་ད་ལྟ་ཁྲིམས་ལྟར་ཚོད་ལྟ་བྱེད་བཞིན་ཡོད་ཅེས་གསུངས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་11ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཁྲེན་ཤིའི་ཝུན་གྱིས། རྒྱལ་ཁབ་ཀྱིས་རྫོང་རིམ་པའི་སྲིད་འཛིན་ཚན་པ་33ལ་ཚོད་ལྟ་བྱས་ཏེ་ཁྲིམས་ལྟར་ཐོབ་པའི་འཆར་འགོད་དང་སྤྱོད་སྒོའི་ལྟ་སྡོམ་དང་མཐུན་པའི་གྲོང་གསེབ་ཀྱི་མཉམ་སྡེབ་ཀྱི་གཉེར་སྐྱོང་རྣམ་པའི་འཛུགས་སྐྲུན་ས་ཆ་ཁྲོམ་རར་འདོན་པ་དང་རྒྱལ་ཁབ་ཀྱི་ས་ཆ་དང་འདྲ་བའི་ཁེ་དབང་ཐོབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།
     ཁྲེན་ཤིའི་ཝུན་གྱིས་བཅའ་ཁྲིམས་ནང་རང་རྒྱལ་གྱི་འགན་གཙང་ས་ཆའི་གཉེར་སྐྱོང་དབང་ཆ་ཞིང་ལས་གཉེར་སྐྱོང་གཅིག་པུར་སྤྱོད་ཆོག་པ་དང་། སྤྱོད་སྒོའི་ལྟ་སྡོམ་བྱེད་དགོས་ན་ཞིང་ལས་ས་ཆ་དེ་ཞིང་ལས་མིན་པའི་ས་ཆར་བསྒྱུར་བར་ཞིབ་མཆན་བརྒྱུད་རིམ་ནན་པོ་བརྒྱུད་དགོས་ཀྱི་ཡོད། དེར་བརྟེན་བརྒྱུད་བཤུག་བྱས་ནས་འགན་གཙང་བླངས་པའི་ས་ཆའི་གཉེར་སྐྱོང་དབང་ཆ་དེ་འཛུགས་སྐྲུན་ས་ཆར་བརྩིས་ནས་ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་མི་ཆོག དེ་སྔོན་ནས་དེ་ལྟར་ཡིན་ལ་ནམ་ཡང་འགྱུར་བ་འགྲོ་མི་སྲིད་ཅེས་གསུངས་པ་རེད།
     གྲོང་གསེབ་ཀྱི་མཉམ་སྡེབ་རྩ་འཛུགས་ལ་ཐོབ་ཟིན་པའི་འཛུགས་སྐྲུན་ས་ཆའི་སྤྱོད་དབང་ཐད། ཁྲེན་ཤིའི་ཝུན་གྱིས། རྒྱལ་ཁབ་ཀྱིས་ད་ལྟ་རྫོང་རིམ་པའི་སྲིད་འཛིན་ཚན་པ་33ལ་ཚོད་ལྟ་བྱས་ཏེ་ཁྲིམས་ལྟར་ཐོབ་པའི་འཆར་འགོད་དང་སྤྱོད་སྒོའི་ལྟ་སྡོམ་དང་མཐུན་པའི་གྲོང་གསེབ་ཀྱི་མཉམ་སྡེབ་ཀྱི་གཉེར་སྐྱོང་རྣམ་པའི་འཛུགས་སྐྲུན་ས་ཆ་ཁྲོམ་རར་འདོན་པ་དང་རྒྱལ་ཁབ་ཀྱི་ས་ཆ་དང་འདྲ་བའི་ཁེ་དབང་ཐོབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐོག་མར་གྲོས་ཞིབ་བྱས་པའི་ས་ཆ་དོ་དམ་བཅའ་ཁྲིམས་ནང་འབྲེལ་ཡོད་ཀྱི་ནང་དོན་བཀོད་ཡོད་ཅེས་གསུངས་པ་རེད།
     ཁྲེན་ཤིའི་ཝུན་གྱིས་གོམ་སྟབས་རྗེས་མར་ཚོད་ལྟར་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་ས་ཆ་དོ་དམ་བཅའ་ཁྲིམས་ལ་བཟོ་བཅོས་དང་དེ་འཐུས་སྒོ་ཚང་དུ་བཏང་རྗེས། གྲོང་གསེབ་ཀྱི་མཉམ་སྡེབ་ཀྱི་གཉེར་སྐྱོང་རྣམ་པའི་འཛུགས་སྐྲུན་ས་ཆ་ཁྲོམ་རར་འདོན་རྒྱུ་གཏན་འཁེལ་བྱས་ནས་དངོས་སུ་བཅའ་ཁྲིམས་ནང་འཇུག་རྒྱུ་རེད། དངོས་སུ་བཅའ་ཁྲིམས་ནང་བཅུག་རྗེས་ཚོད་ལྟའི་ས་ཁུལ་33གྱི་ཉམས་མྱོང་དང་གྲུབ་འབྲས་གཞི་ནས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་ཆོག་ཅེས་གསུངས་པ་རེད།