འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་9ཉིན།

༄༅།།ཝང་དབྱིས་མེང་ཝོན་ཀྲོའུ་ཡི་གྱོད་དོན་གླེང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་09ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ལྟེ་གནས་སུ་གསར་འགོད་པའི་ཚོགས་འདུ་འཚོགས་ནས། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གི་འགན་གཅིག་ལྕོགས་འཁུར་བཞིན་པའི་ཝང་དབྱིས་“ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བའི་”སྐོར་ལ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། ཝང་དབྱིས་། འབྲེལ་ཡོད་ཁེ་ལས་དང་མི་སྒེར་གྱིས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང། “ཁུ་སིམ་མེར་སྡོད་པའི་ལུ་གུ”བྱ་རྒྱུ་མེད་ཅེས་བརྗོད་པ་རེད།
    ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། མི་ཚང་མས་མེང་ཝོན་ཀྲོའུ་ཡི་གྱོད་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དོན་དེར་ཁ་སང་སླར་ཡང་འཕེལ་ཕྱོགས་གསར་པ་བྱུང་ཡོད་པ་རེད། ཁ་ན་ཏའི་ཁྲིམས་ཁང་གིས་འཛིན་སྤྲོད་བྱེད་ཡུན་དུས་འགྱངས་བྱ་རྒྱུའི་ཐག་བཅད་པ་དང་། ཧྭ་ཝེ་ཡིས་ཨ་རི་སྲིད་གཞུང་ཞུ་གཏུགས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། དོན་དེའི་ཐད། གླེང་ཕྱོགས་མང་པོས་འདི་ལྟར་བརྗོད་བཞིན་ཡོད་པ་སྟེ། དེ་ནི་ཨ་རིས་ཀྲུང་གོའི་ལག་རྩལ་མཐོ་བའི་ཁེ་ལས་ལ་ཆབ་སྲིད་ཀྱི་རྡུང་རྡེག་བཏང་བཞིན་པ་མངོན་གསལ་རེད་ཅེས་བརྗོད་པར། ཁྱེད་ཀྱིས་བལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དམ་ཞེས་དྲིས།    
     དབང་དབྱིས། དངོས་ཡོད་དང་དྲང་གཞག་གི་ལངས་ཕྱོགས་འཛིན་ན་མཐོང་མི་ཐུབ་པ་མེད། ཉེ་ཆར་ཀྲུང་གོའི་དམིགས་བཙུགས་ཀྱི་ཁེ་ལས་དང་མི་སྒེར་ལ་དམིགས་པའི་བྱ་སྤྱོད་དེ་ནི་ཁྲིམས་འཛིན་གྱི་བྱ་སྤྱོད་ཁོ་ན་ཙམ་གཏན་ནས་མིན་པར།  དེ་ནི་རྐང་བཙུགས་ནས་ཆབ་སྲིད་ཀྱི་རྡུང་རྡེག་བཏང་བ་ཞིག་ཡིན་པ་རེད། དེའི་ཐད། ང་ཚོས་དགོས་ངེས་ཀྱི་བྱ་ཐབས་ལག་བསྟར་བྱས་ཡོད་ལ་མུ་མཐུད་བྱས་ནས། ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ཀྱི་དྲང་བདེན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། འདི་ནི་ཀྲུང་གོ་སྲིད་གཞུང་གི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན། དུས་མཚུངས། ང་ཚོས་འབྲེལ་ཡོད་ཁེ་ལས་དང་མི་སྒེར་གྱིས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། “ཁུ་སིམ་མེར་སྡོད་པའི་ལུ་གུ་”བྱ་རྒྱུ་མེད་ཅེས་བརྗོད་པ་རེད།