འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་8ཉིན།

༄༅།།འཐུས་མི་མཱ་ཧྲན་ཞང་གིས་གསུངས་དོན། རང་འཁྲིའི་ལས་དོན་གང་ཞིག་སྒྲུབ་དགོས་ན་འཐུས་མིའི་འགན་འཁྲི་དེ་གར་ཡོད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་08ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། འཐུས་མིའི་བགྲོད་ལམ་དུ་བསྐྱོད་དེ་བཅར་འདྲི་དང་ལེན་གྱི“ལས་འགན”སྒྲུབ་སྐབས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཱ་ཧྲན་ཞང་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། ཁོང་གི་བལྟས་ན་འདི་ནི་རྒྱལ་ཡོངས་མི་དམངས་ལ་འཐུས་མིའི་ཉམས་འགྱུར་ངོམས་པའི་གོ་སྐབས་ཤིག་རེད་ལ་མི་དམངས་ཀྱིས་འཐུས་མིའི་རང་འཁྲིའི་ལས་དོན་ལ་ཞིབ་བཤེར་བྱེད་པ་ཞིག་དེ་བས་རེད།
     ལོ་དྲུག་བཅུ་ལ་སླེབས་པའི་མཱ་ཧྲན་ཞང་ནི་ཁྲུང་ཆིང་ཅང་པེ་ཆུས་ཀོན་དབྱིན་ཆའོ་སྲང་ལམ་གྱི་མི་དམངས་འདུམ་འགྲིག་པ་ཞིག་རེད་ཅེས“ལའོ་མཱ་ལས་དོན་ཁང་གི”འགན་འཁུར་བས་བཤད། ལོ་30ལྷག་ཙམ་རིང་། ཁོང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འདུམ་འགྲིག་གི་ལས་དོན་བསྒྲུབས་ནས་འགལ་ཟླ་དང་རྩོད་གཞི་ཁག་2000ལྷག་ཙམ་གྲུབ་འབྲས་ཐོབ་པའི་སྒོ་ནས་འདུམ་འགྲིག་བྱས་པ་དང་། ལས་ཀའི་ཟིན་བྲིས་ཡིག་འབྲུ་ཁྲི་500ལྷག་ཙམ་བརྒྱབ་ཡོད། དེའི་རྨང་གཞིའི་ཐོག་ཆགས་པའི“ལའོ་མཱ་ཡི་ལས་དོན་སྒྲུབ་སྟངས”རྒྱལ་ཡོངས་འདུམ་འགྲིག་པའི་སློབ་སྦྱོང་བྱེད་སའི་མ་དཔེ་ཞིག་ཏུ་གྱུར་ཡོད།
     འཐུས་མིའི་བགྲོད་ལམ་དུ་ལངས་ནས་རྒྱལ་ཡོངས་ཀྱི་མི་དམངས་ལ་རང་ཉིད་ཀྱི་བསམ་བློ་གང་ཞིག་བཏོང་བ་དང་ལས་དོན་གང་ཞིག་བསྒྲུབས་པ་ཞུ་སྐབས་ལའོ་མཱ་ལ་གདེང་ཚོད་ཀྱིས་ཁེངས། “གཞི་རིམ་མང་ཚོགས་ཀྱི་ལས་དོནལ་རྒྱུས་མངའ་ཆེན་པོ་ཡོད། དེར་བརྟེན་སེམས་འཚབ་ཀྱི་མིན་འདུག རང་ཉིད་ཀྱིས་ལས་དོན་སྤེལ་རིང་འབྲེལ་བ་ཡོད་པའི་གནད་དོན་སྔ་སྣུར་དུ་གསེད་དཀྲོལ་སྟབས་བདེ་བྱས་ནས་གནད་དོན་ལ་ལན་ཇི་ལྟར་འདེབས་མིན་སྔ་ས་ནས་གདེང་ཚོད་ཡོད་པ་དང་སེམས་ལ་ངེས་ཡོད”ཅེས་ཁོང་གིས་བཤད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ནས་ལོ་གཅིག་སོང་རིང་། ལའོ་མཱ་དེ་སྔོན་ལས་བྲེལ་བ་ཆེ་བ་ཡོད། སྒྲོག་འགྲེལ་ཚོགས་འདུར་ཁོང་གིས་ལོ་གཅིག་ལ་གཏམ་བཤད་ཐེངས་80ལྷག་ཙམ་སྤེལ་ཡོད། འོན་ཀྱང་བྲེལ་འཚུབ་ཇི་ལྟར་ཆེ་ཡང་ཀོན་དབྱིན་ཆའོ་སྲང་ལམ་གྱི་འདུམ་འགྲིག་ལས་དོན་ཁང་ཆུང་ཆུང་དེ་སྔར་བཞིན་ཁོང་གིས་སེམས་ཁྲལ་བྱ་ཡུལ་ཞིག་རེད།
     མང་ཚོགས་600ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། མང་ཚོགས་ཀྱི་འགལ་ཟླ་60ལྷག་ཙམ་འདུམ་འགྲིག་བྱས་པ། ཟིན་བྲིས་དེབ་8བརྒྱབ་པ། རྩོམ་ཡིག་བརྒྱ་ལྷག་ཙམ་སྤེལ་བ་ལ་སོགས། འགན་འཁྲི་སྒྲུབ་པའི་ལོ་དང་པོར་ལའོ་མཱ་ཡིས་འཐུས་མིའི་འགན་འཁྲི་དང་འདུམ་འགྲིག་གི་ལས་དོན་ཟུང་འབྲེལ་སྔར་བས་དམ་ཟབ་བྱེད་དགོས་ལུགས་གསལ་པོར་ཤེས་ཀྱི་ཡོད།
     མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རིང་ཁོང་གིས་དུས་རབས་གསར་པར་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་བསམ་གཞིག་དེ་བས་གཏིང་ཟབ་བྱས་པ་མ་ཟད། ད་ལོའི་ཚོགས་ཆེན་ཐོག་འབྲེལ་ཡོད་ཀྱི་གྲོས་འགོ་ཡང་བཏོན་ཡོད། ད་ཆ་ལའོ་མཱ་ཡིས་སེམས་ནུས་གཙོ་བོ“སློབ་མ”གསོ་སྐྱོང་བྱེད་པའི་ལས་དོན་ཐོག་བཏོན་ནས“ཞའོ་མཱ་ལས་དོན་ཁང”རེ་རེ་བཞིན་ཁྲུང་ཆིང་གི་ས་གཞི་ཆེ་མོར་བདེ་ཐང་ངང་འཚར་ལོངས་བྱུང་ཡོད།
     ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་20ཡོལ་ཙམ་ལ་འཐུས་མིའི་བགྲོད་ལམ་དུ་ལའོ་མཱ་ཡི་སྙིང་སྟོབས་རབ་ཏུ་འཕེལ། གསར་འགོད་པའི་མདུན་དུ“འདུམ་འགྲིག་གི་ཐབས་མཆོག”སྐོར་གྱི་དྲི་བར་ཁོང་གིས་བག་ཕེབས་ངང་ལན་བཏབ་ཅིང་། བསམ་བློ་ཚོད་འཛིན་དང་། ཚན་རིག་གི་བྱེད་ཐབས། རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད། ཁྲིམས་ཀྱི་གནས་ཚུལ་མཉམ་འགུལ་བཅས་ཕྱོགས་བཞི་ནས་སོ་སོའི་བསམ་ཚུལ་མཉམ་སྤྱོད་བྱས་པ་རེད།
     “རང་འཁྲིའི་ལས་དོན་གང་ཞིག་སྒྲུབ་དགོས་ན་འཐུས་མིའི་འགན་འཁྲི་དེ་གར་ཡོད”ཅེས་གཏམ་བཤད་མཇུག་འགྲིལ་མཚམས་སུ་ལའོ་མཱ་ཡིས་བློ་བརྟན་འགྱུར་མེད་ངང་བཤད།