འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་8ཉིན།

༄༅།།“དབུལ་སྒྲོལ‘ཞྭ་ཕུད’ཟིན་ཡང་མཐའ་མའི་བབས་ཚུགས་སུ་སླེབས་མེད” 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་08ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། “དབུལ་སྒྲོལ‘ཞྭ་ཕུད་ཟིན་ཡང་མཐའ་མའི་བབས་ཚུགས་སུ་སླེབས་མེད”——རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཅང་ཤིས་ཞིང་ཆེན་རུའེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་རུའེ་ཡིས་དེ་ལྟར་གསུངས།
     “དབུལ་སྒྲོལ་འགག་སྒྲོལ་ནི‘མཁྲེགས་སར’གཏུགས་ནས་རེ་བ་གསར་པ་ཞིག་ཐོབ་པ་དེ་རེད”——རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ནན་ཞིང་ཆེན་ཧུའེ་ཤན་གྲོང་ཁྱེར་ཀྲང་ཚུན་ཤང་ཧྥེ་ཀྲའེ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥེ་ཁྲུན་ལེའང་གིས་དེ་ལྟར་གསུངས།
     “དབུལ་ཤོས་དང་དཀའ་ཚེགས་ཆེ་ཤོས་འགག་སྒྲོལ་བྱས་ཏེ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས”——རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀན་སུའུ་ཞིང་ཆེན་བྱེ་བཅོས་ཞིབ་འཇུག་ཁང་གི་ཤེས་བྱའི་བདག་དབང་གཞུང་ལས་ཁང་གི་ཀྲུའུ་རེན་མཱ་ཆོན་ལིང་གིས་དེ་ལྟར་གསུངས།
    “དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་ངེས་པར་དུ་རྒྱལ་ཁ་ཐོབ་པ་བྱེད་དགོས་པ་ལས་ཕྱིར་བཤོལ་བྱེད་པའི་ལམ་བུ་མེད”རྒྱལ་ཡོངས་སྲིད་གྲོས་ཀྱི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་ཨུ་ཡོན་སྣོད་བཅུད་ཁོར་ཡུག་པུའི་རླུང་ཁམས་ཆེ་མོའི་ཁོར་ཡུག་དོ་དམ་སིའི་སི་ཀྲང་ལིའུ་པིང་ཅང་གིས་དེ་ལྟར་གསུངས།
     “ལྗང་མདོག་འཕེལ་རྒྱས་ལ་བརྟེན་ན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ”—རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་པེ་ངར་ལྕགས་ཚོགས་པ་ཧན་ཏན་ངར་ལྕགས་བཙོ་སྦྱངས་བཟོ་གྲྭ་གསུམ་པའི་ཞིབ་ཚགས་བཙོ་སྦྱངས་འཁོར་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཝུན་ཐའོ་ཡིས་དེ་ལྟར་གསུངས།
     “ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་པའི་སྐབས་སུ་སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་ལས་ཀ་དེ་བས་ཀྱང་ལེགས་པར་སྒྲུབ་དགོས”—རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་གྱི་ཧྲི་ཀྲང་ཚའེ་ལི་ཤིང་གིས་དེ་ལྟར་གསུངས།
     “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚན་རྩལ་གསར་གཏོད་ལ་དམ་འཛིན་ལྷོད་མེད་བྱེད་དགོས། ཚན་རྩལ་གསར་གཏོད་བྱེད་པར་སྡུག་རུས་འཁྱོག་པོ་དགོས་པ་དང་། ཞིབ་སྤེལ་བྱས་པའི་དངོས་པོ་མ་གཞི་འཕྲལ་དུ་སྤྱོད་མ་ཐུབ་ནའང་ད་ལྟ་ནས་འབྱུང་འགྱུར་ཆེད་གྲ་སྒྲིག་ཡག་པོ་བྱེད་དགོས”—རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨོ་ཧྲེང་ཚོགས་པའི་ཏུང་ཧྲི་ཀྲང་ཐང་ལེང་གིས་དེ་ལྟར་གསུངས།
     “བར་སྣང་འཚོལ་ཞིབ་ནི་མིའི་རིགས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན་པས། ང་ཚོས་ཚན་རིག་གི་གྲངས་གཞི་རིམ་པས་འཛམ་གླིང་ལ་སྒོ་མོ་ཕྱེ་ཏེ་མིའི་རིགས་ཀྱིས་ཞི་བའི་ངང་བར་སྣང་སྤྱོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས”—རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ཟླ་དཔྱད་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་ཆེ་མོ་བ་ཡོན་ཧྲི་ཝུའུ་ཝུའེ་རེན་གྱིས་དེ་ལྟར་གསུངས།