འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་7ཉིན།

༄༅།།ལས་ཞུགས་སྔོན་ལ་འཇོག་པའི་རྒྱབ་ཀྱི་སྲིད་ཇུས་ཀྱི་“གསང་བ”དེའི་དམིགས་ས་ནི་དམངས་འཚོ་
དང་སྔོན་འགྲོ་ནི་དཔལ་འབྱོར་ཡིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་07ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། དེ་སྔ་ནས། ལས་ཞུགས་ནི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་ཐ་སྙད་མང་ཤོས་དེ་ཡིན་པ་རེད། མི་དམངས་དྲ་བའི་གླེང་ཕྱོགས་དང་སྤྱི་པའི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱིས་བསྡོམས་བརྩིས་བྱེད་པར་གཞིགས་ན། ཟླ་3ཚེས་5ཉིན་ནས་ཟླ་3ཚེས་6ཉིན་གྱི་ཆུ་ཚོད་8པའི་ཐོག “ལས་ཞུགས་སྔོན་ལ་འཇོག་པ”དང་འབྲེལ་བའི་བརྗོད་གཞིའི་སྐོར་གྱི་གསར་འགྱུར་4362དང་། སྐད་འཕྲིན་ཐོག་གི་རྩོམ་ཡིག་9244 APPཐོག་གི་རྩོམ་ཡིག་2776 གླེང་སྟེགས་ཐོག་གི་རྩོམ་ཡིག་143སྤེལ་ཡོད་པ་བསྟན་ཡོད།
     དེ་ལས་དོ་སྣང་བྱ་འོས་པ་ཞིག་ལ། ད་ལོ་ཐེངས་དང་པོར་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དེ་སྤྱི་ཁོག་སྲིད་ཇུས་རིམ་པའི་ཐོག་འཇོག་ཡོད་པས། དེའི་ཐོག་ནས། ཐབས་ཇུས་རིམ་པའི་ཐོག་ནས་བལྟས་ན། ལས་ཞུགས་བརྟན་པོ་ཡོང་རྒྱུ་དེ་དམངས་འཚོར་སྐུལ་འདེད་གཏོང་བའི་གལ་ཆེའི་ཤུགས་འདོན་ས་ཞིག་ཁོ་ན་མིན་པར།  དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཁྲོད་ཀྱི་སྲིད་ཇུས་ལག་བསྟར་གྱི་ཁྲིད་སྟོན་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། 
     ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དེ་སྤྱི་ཁོག་སྲིད་ཇུས་རིམ་པའི་བར་མཐོ་རུ་ཕྱིན་པ་དེའི་འགྱུར་ལྡོག་གི་རྒྱུ་རྐྱེན་དེ་གང་ནས་བྱུང་བ་རེད་ཟེར་ན།
       དེ་སྔོན་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཕྱིར་ལྟ་བྱས་ན། དེ་སྔོན་“ལས་ཞུགས་”ནི་དམངས་འཚོའི་ནང་ཁོངས་སུ་འཁོད་ཡོད་པ་དང་། ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐེངས་དང་པོར་སྤྱི་ཁོག་སྲིད་ཇུས་རིམ་པའི་ནང་འཇོག་ཡོད་པ་རེད།
 འགྱུར་ལྡོག་བྱུང་བའི་རྒྱུ་རྐྱེན་གང་ནས་བྱུང་བ་རེད་ཟེར་ན།
      དྲི་ལན་དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ཕྱོགས་ཁག་གིས་ལས་ཞུགས་ལ་མཐོང་ཆེན་དང་། ལས་ཞུགས་ཀྱི་ཕྱོགས་སྟོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན།  མིག་སྔ་དང་མ་འོངས་པའི་དུས་སྐབས་ཤིག་རིང་ལ། རང་རྒྱལ་གྱི་ལས་ཞུགས་འབོར་ཚད་ཀྱི་གནོན་ཤུགས་ཆུང་དུ་མི་འགྲོ་བ་དང་།  གྲུབ་ཆའི་རང་བཞིན་གྱི་འགལ་བ་མངོན་གསལ་ཆེ་ལ།  ཤུགས་རྐྱེན་གསར་པའི་རྒྱུ་རྐྱེན་ད་དུང་མང་དུ་འགྲོ་བཞིན་ཡོད་པས། ལས་ཞུགས་ཀྱི་གནད་དོན་དེ་ངེས་པར་དུ་མངོན་གསལ་དོད་པའི་གནས་སུ་བཀོད་སྒྲིག་བྱེད་དགོས་པ་བསྟན་ཡོད།”
     སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཁ་གསལ་བསྟན་དོན། བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་དང་ཐོག་ལས་ཞུགས་འགན་སྲུང་བྱེད་དགོས་པ་དེ་ཡིན།  ད་ལོའི་གྲོང་རྡལ་གྱི་ལས་ཞུགས་གསར་འཕར་དེ་སྔོན་དཔག་དམིགས་ཚད་གྱི་རྨང་གཞིའི་ཐོག་ནུས་ཤུགས་ཡོད་རྒུས་ཉེ་བའི་ལོ་འགའི་ནང་གི་དངོས་ཡོད་གཞི་ཁྱོན་དུ་སླེབས་པ་བྱ་དགོས་ཤིང་། གྲོང་རྡལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འགན་སྲུང་བྱེད་དགོས་ལ། ཞིང་ལས་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་སྤོ་སྒྱུར་བྱ་རྒྱུར་བར་མཐོངས་འཇོག་དགོས།