འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་5ཉིན།

༄༅༎སྲིད་གྲོས་ཀྱི་ཚོ་ཆུང་གྲོས་བསྡུར། སྤེལ་རེས་ཉན་པ་དང་འགན་སྒྲུབ་ཇུས་འདོན་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་05ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཐུབ་བསྟན་མཁས་གྲུབ(གཡས)་ཀྱིས་གཏམ་བཤད་བྱེད་བཞིན་པ།
བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཐུབ་བསྟན་མཁས་གྲུབ(གཡས)་ཀྱིས་གཏམ་བཤད་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་ལས་རིགས་ཁག་དབྱེ་ནས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་དང་། བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་སྙན་སྒྲོན་གཉིས་ལ་དམ་པོར་དམིགས་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་རིགས་ཁག་གི་གྲོས་བསྡུར་ནང་ཧུར་ཐག་ངང་འགན་སྒྲུབ་ཇུས་འདོན་བྱས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྤེན་པ་ལྷ་མོས་(གཡས་ཀྱི་གཉིས་པ) ཚོགས་འདུའི་བར་གསེང་དུ་ཚོགས་འདུར་ཞུགས་མཁན་ཨུ་ཡོན་གཞན་དང་སྤེལ་རེས་བྱེད་བཞིན་པ།
བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྤེན་པ་ལྷ་མོས་(གཡས་ཀྱི་གཉིས་པ) ཚོགས་འདུའི་བར་གསེང་དུ་ཚོགས་འདུར་ཞུགས་མཁན་ཨུ་ཡོན་གཞན་དང་སྤེལ་རེས་བྱེད་བཞིན་པ།