འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་27ཉིན།

༄༅།།ཡིའུ་ཆོན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་27ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡིའུ་ཆོན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་བ་རེད།     
      ཡིའུ་ཆོན་གྱིས་པཎ་ཆེན་མཆོག་ལ་འདས་ཟིན་པའི་ལོ་གཅིག་ནང་གོང་འཕེལ་གསར་པ་བྱུང་བར་རྟེན་འབྲེལ་ཞུས་པ་དང་། པཎ་ཆེན་མཆོག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ནན་ཏན་བྱས་ནས། “འདུ་ཤེས་བཞི”དང་“གདེང་ཚོད་བཞི”བརྟན་པོ་འཛུགས་པ་དང་། མཐའ་གཅིག་ཏུ་“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱས་ཏེ།  ནང་བསྟན་གྱི་ཤེས་བྱ་སློབ་སྦྱོང་དང་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་།  བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་གྲུབ་འབྲས་གསར་པ་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།    
     པཎ་ཆེན་མཆོག་གིས་ཡིའུ་ཆོན་ལ་མཇལ་དར་ཕུལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་ཟབ་མོ་ངེས་པར་དུ་བློ་ལ་བརྟན་པོར་ངེས་ནས། ཆབ་སྲིད་དང་།  བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་།  འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། དད་ལྡན་མང་ཚོགས་ལ་ཞབས་ཞུ་བསྒྲུབ་ཏེ། རྒྱལ་ཁབ་གཅིག་གྱུར་དང་།  མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། 
༄༅།།ཡིའུ་ཆོན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་གནང་བ།