འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་27ཉིན།

༄༅།།སློབ་གསོ་པུས་ཧོ་པེ་དང་། ལེའོ་ཉིང་། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་8ལ་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་
སྒྱུར་བཅོས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་27ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་26ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་མཐོ་རྒྱུགས་སྒྱུར་བཅོས་བརྟན་ལ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་དང་། ཧོ་པེ་དང་ལེའོ་ཉིང་། ཅང་སུའུ། ཧྥུའུ་ཅན། ཧོ་པེ། ཧོ་ནན། ཀོང་ཏུང་། ཁྲུང་ཆིང་བཅས་ཞིང་ཆེན་དང་གྲོང་ཁྱེར་8ལ་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་བྱས་པ་རེད། སྒྱུར་བཅོས་ཀྱི་ཇུས་གཞི་ཞིང་ཆེན་ཁག་གིས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད།
     སློབ་གསོ་པུའུ་ཡིས་བསྟན་དོན། 2014ལོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།》བཀྲམ་པ་ནས་བཟུང་། སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་ཁག་ཏན་ཏིག་ངང་སྤེལ་བཞིན་ཡོད་པ་དང་གྲུབ་འབྲས་ཀྱང་བཟང་པོ་ཐོབ་ཡོད། 2017ལོར། ཧྲང་ཧའེ་དང་ཀྲེ་ཅང་སོགས་སུ་ཁག་དང་པོའི་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བརྟན་པོའི་ངང་ལག་བསྟར་བྱས་པ་དང་། པེ་ཅིང་དང་།  ཐེན་ཅིན། ཧྲན་ཏུང་། ཧའེ་ནན་བཅས་སུ་ཁག་གཉིས་པའི་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བདེ་ལག་ངང་སྤེལ་བ་རེད། ཁག་གཉིས་ཀྱི་ཚོད་ལྟ་བྱ་ཡུལ་གྱི་ཞིང་ཆེན་གྱིས་མཐོ་འབྲིང་སྐབས་ཀྱི་སློབ་མ་གསོ་སྐྱོང་གི་ཐབས་ཤེས་དང་། སློབ་མའི་ཕྱོགས་བསྡུས་སྦྱངས་ཚད་ཇེ་མཐོར་གཏོང་བ། མཐོ་རིམ་སློབ་གྲྭའི་མི་སྣ་འཇོན་ཐང་ཅན་བདམས་གསེས་ཀྱི་བྱ་ཐབས་བཅས་ཐད་འཚོལ་ཞིབ་ཧུར་ཐག་བྱས་པས། ཕན་ཡོད་ཀྱི་ཉམས་མྱོང་ཐོབ་ཡོད་པ་རེད།
      མིག་སྔར། ཞིང་ཆེན་དང་གྲོང་ཁྱེར་8ཀྱིས་ས་གནས་དེ་རང་གི་མཐོ་འབྲིང་སློབ་གཉེར་གྱི་ཆ་རྐྱེན་དང་། དགེ་རྒན་གྱི་དཔུང་ཁག སློབ་ཁྲིད་སྒྲིག་འཛུགས་བཅས་ཀྱི་དོན་དངོས་དང་བཟུང་འབྲེལ་བྱས་ནས།  ཡུལ་བབ་དང་སྟུན་ཏེ་སྒྱུར་བཅོས་ཀྱི་ཇུས་འགོད་བཟོས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད།
      སློབ་གསོ་པུའུ་ཡིས་བསྟན་དོན། གོ་རིམ་རྗེས་མར། མུ་མཐུད་ནས“དུས་ཚོད་ཀྱིས་སྤུས་ཚད་ལ་སྟུན་པ་དང་། འཕེལ་ཚད་ཀྱིས་ཕན་འབྲས་ལ་སྟུན་པའི”རྩ་དོན་ལ་གཞིགས་ནས། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་རྗེས་མཐུད་ཀྱི་ཞིང་ཆེན་ཁག་ལ་ས་ཆ་དངོས་སུ་དཔྱད་དཔོག་བྱ་རྒྱུ་དང་། གཅིག་ལ་ཆ་རྐྱེན་འཛོམས་ན་གཅིག་ལ་སྒྱུར་བཅོས་བྱས་ནས། སྒྱུར་བཅོས་བརྟན་པོ་དང་། གོ་རིམ་ལྡན་པའི་ངང་སྤེལ་བའི་འགན་སྲུང་བྱ་རྒྱུ་རེད།