འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་26ཉིན།

༄༅༎རང་རྒྱལ་གྱིས་མ་དངུལ་སྒོར་དུང་ཕྱུར་3བཏང་ནས་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་26ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཕོ་བྲང་པོ་ཏ་ལ།
ཕོ་བྲང་པོ་ཏ་ལ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་25ཉིན། གསར་འགོད་པས་བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ནས་བཟུང་། རང་རྒྱལ་གྱིས་ལོ་བཅུའི་རིང་ཁྱོན་བསྡོམས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་3བཏང་ནས་ཕོ་བྲང་པོ་ཏ་ལའི་ད་བར་གཞི་ཁྱོན་ཆེ་ཤོས་ཀྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཆེད་དོན་ལས་དོན་སྤེལ་རྒྱུ་རེད།
      ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཕོ་བྲང་པོ་ཏ་ལར་ཉར་ཚགས་དང་མིང་ཐོ་བཀོད་པའི་རྒྱ་ཡིག་དང་། བོད་ཡིག མན་ཇུའི་ཡི་གེ སོག་ཡིག ལེགས་སྦྱར་ཡི་གེ་སོགས་ཡིག་རིགས་མང་པོའི་རྩ་ཆེའི་དཔེ་རྙིང་པོ་ཏི་ཁྲི་4ཙམ་ཡོད།
     དཔེ་རྙིང་དང་ཚད་ལྡན་ཡིག་ཆ་འདི་དག་གིས་བོད་མི་རིགས་ཀྱི་རྩ་ཆེའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་རྣམ་པ་ཚང་མར་གཞི་རྩའི་ཆར་ཁྱབ་ཡོད་ཅིང་། ནང་དོན་ནི་ཕལ་ཆེར་མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད། མངོན་པའི་སྡེ་སྣོད་སོགས་སྡེ་སྣོད་གསུམ་གྱི་བསྟན་བཅོས་དང་། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། སངས་རྒྱས་ཀྱི་འཁྲུངས་རབས་རྣམ་ཐར། སྐད་རིགས་ཁག་གི་གསོ་རིག་དང་སྨན་རྫས། ལོ་རྒྱུས་རིག་པ། ཟློས་གར། རིགས་ཁག་གི་ལོ་རྒྱུས་དེབ་དང་དཀར་ཆག་སོགས་ཡིན་པ་རེད་།
     དུས་རབས་གོང་མའི་ལོ་རབས་70པར་།  ཕོ་བྲང་པོ་ཏ་ལས་སྒྲིག་འཛུགས་བྱས་ནས་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་ཕྱོགས་བསྒྲིགས་ཚོ་ཆུང་བཙུགས་ནས། དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ཁག་གཅིག་སྲུང་སྐྱོང་དང་ཉམས་གསོ་བྱས་ཡོད་ལ། དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་དཀར་ཆག་བཞི་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། རྩ་ཆེའི་དཔེ་རྙིང་དེ་དག་སྔར་ལས་ལེགས་པའི་ངང་སྲུང་སྐྱོང་དང་བེད་སྤྱོད་བྱ་ཆེད། བོད་ལྗོངས་ཀྱིས་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། སྔར་ཡོད་ཀྱི་དཔེ་རྙིང་དཀར་ཆག་གི་གློག་རྡུལ་པར་གཞི་ཕབ་འཇུག་དང་། ལེགས་སྒྲིག   གྲངས་གཞི་ཅན་དུ་བསྒྱུར་བ་སོགས་ཀྱི་ལས་དོན་སྤེལ་བ་རེད།
 ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་འབྱོར་ལྡན་གྱིས་ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་འབྲེལ་ཡོད་སྲུང་སྐྱོང་དང་ཞིབ་འཇུག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས། 《ཕོ་བྲང་པོ་ཏ་ལའི་རིག་དངོས་(དཔེ་རྙིང་དང་ཚད་ལྡན་ཡིག་ཆ) ་སྲུང་སྐྱོང་དང་བེད་སྤྱོད་རྣམ་གྲངས་ཀྱི་ཆོག་འཐུས་སྔོན་དཔག་གི་ཞིབ་འཇུག་སྙན་ཞུ》རྩོམ་སྒྲིག་བྱས་པ་མ་ཟད། ཀྲུང་དབྱང་ནོར་སྲིད་ཀྱི་ལོ་10ཡི་ལོ་འཁོར་གྱི་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་ནང་བཅུག་རྒྱུའི་སྙན་ཞུ་ཡང་འབུལ་ཟིན་པ་རེད། མིག་སྔར། སྙན་ཞུ་འདིར་མཆན་བཀོད་བཀའ་ལན་ཐོབ་ཟིན་ཡོད་ཅེས་བརྗོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཕོ་བྲང་པོ་ཏ་ལའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་བེད་སྤྱོད་ལས་གྲྭའི་ཁྱོན་ཡོངས་ཀྱི་ལག་བསྟར་ཇུས་གཞི་ནི་ཀྲུང་གོ་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་གིས་འགན་འཁུར་རྒྱུ་ཡིན་ལ། རྣམ་གྲངས་དེ་གཙོ་བོ་དཔེ་རྙིང་དང་ཚད་ལྡན་ཡིག་ཆར་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་དང་།  མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་དང་ཉམས་གསོ། གྲངས་གཞི་ཅན་གྱི་སྲུང་སྐྱོང་། འགྲེམས་སྟོན་དང་བེད་སྤྱོད་བཅས་ཁག་བཞིར་དབྱེ་ཆོག ཁྱོན་ཡོངས་ཀྱི་ལག་བསྟར་ཇུས་གཞི་རིང་མིན་ལེགས་སྒྲུབ་ཐུབ་རྒྱུའི་འཆར་གཞི་ཡོད་ལ། མིག་སྔར་དོ་དམ་ཁྲུའུ་ཡིས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་བྱས་ནས་དཔེ་རྙིང་ཡོངས་བཤེར་ཐོ་འགོད་ལས་དོན་སྤེལ་བཞིན་ཡོད་པ་རེད།
     མིག་སྔར་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་དེ་དག་གཙོ་བོ་གསེར་གདུང་ལྷ་ཁང་དང་། མཆོད་ཁང་།  དཔེ་ཁང་། ལྷ་ཁང་ཁག་གཅིག་དང་དེ་བཞིན་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་མཛོད་ཁང་ཁག་གཅིག་ནང་ཉར་ཚགས་བྱས་ཡོད་པ་རེད། ཉེ་ཆར། གསར་འགོད་པས་ཕོ་བྲང་པོ་ཏ་ལའི་ནང་གི་སྨི་ངོས་གྲུ་160ཙམ་གྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་མཛོད་ཁང་ཅིག་གི་ནང་དུ་དཔེ་རྙིང་ཡོངས་བཤེར་ལས་དོན་པ་ཁག་གཅིག་གིས་པོ་ཏི2800ཙམ་གྱི་རྩ་ཆེའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆར་ནང་དོན་ཁག་20ཙམ་ཡོད་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཆ་འཕྲིན་གྲངས་གཞི་ཅན་གྱི་ཐོ་འགོད་བྱེད་བཞིན་ཡོད་པ་མཐོང་བྱུང་།
【1】  【2】
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ལས་བྱེད་མི་སྣས་དུས་འགོའི་ཡོངས་བཤེར་ཐོ་འགོད་ལས་དོན་སྤེལ་བཞིན་པ།
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ལས་བྱེད་མི་སྣས་དུས་འགོའི་ཡོངས་བཤེར་ཐོ་འགོད་ལས་དོན་སྤེལ་བཞིན་པ།