འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་26ཉིན།

༄༅།།སློབ་གསོ་པུས་2019ལོའི་ལས་ཀའི་གཙོ་གནད་ཡོངས་བསྒྲགས་བྱས་ནས་སློབ་གསོའི་གདེང་འཇོག་མ་
ལག་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་26ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་སློབ་གསོ་པུས་2019ལོའི་ལས་ཀའི་གཙོ་གནད་ཡོངས་བསྒྲགས་བྱས་ཏེ་ཆ་འཕྲིན་ལག་རྩལ་དང་སློབ་གསོ་སློབ་ཁྲིད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། ངལ་རྩོལ་སློབ་གསོར་ཤུགས་སྣོན་ཆེན་པོ་རྒྱག་པ། སློབ་ཞུགས་གོང་གི་ཀུན་ཕན་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གསེང་གི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ། སློབ་གསོའི་གདེང་འཇོག་མ་ལག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྒྲིག་གཞི་ལམ་སྲོལ་སྒྱུར་བཅོས་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ཁག་34ཁ་གསལ་བཏོན་ཡོད་པ་རེད།
     སློབ་གསོའི་གདེང་འཇོག་མ་ལག་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ཐད་སློབ་གསོ་པུས་སློབ་གསོའི་གདེང་འཇོག་མ་ལག་སྒྱུར་བཅོས་ཀྱི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་གདེང་འཇོག་སྒྱུར་བཅོས་ཀྱི་འབྲེལ་ཡོད་བྱེད་ཐབས་རིག་དབྱེའི་སྒོ་ནས་བཏོན་སྟེ་བལྟོས་བཅས་དང་ཆ་ཚང་བའི་སློབ་གསོའི་གདེང་འཇོག་སྒྱུར་བཅོས་ལམ་ལུགས་ཀྱི་སྒྲོམ་གཞི་ཆགས་པ་བྱེད་དགོས། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་གདེང་འཇོག་སྒྱུར་བཅོས“རྩེ་གྲ་གཉིས”འཛུགས་སྐྲུན་དང་། སློབ་ཁྲིད་ཞིབ་བཤེར་ཚོད་སྐོར། རིག་ཚན་ཚོད་སྐོར་བཅས་ལྟེ་བའི་དམིགས་ཚད་དང་མཉམ་འདྲེས་ཐུབ་པ་བྱེད་དགོས། སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྱོང་གི་ཕན་འབྲས་གདེང་འཇོག་མ་ལག་དང་གདེང་འཇོག་བྱེད་ཐབས་ལ་ཞིབ་འཇུག་བྱེད་དགོས། ཚན་ཞིབ་གདེང་འཇོག་བྱས་འབྲས་བེད་སྤྱོད་ཚད་ལྡན་དུ་བཏང་སྟེ་མཐོ་སློབ་ཀྱི་ཚན་རྩལ་བྱ་དགའི་ལས་དོན་སྔར་བས་སྒྱུར་བཅོས་བྱེད་དགོས། རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་སྤུས་ཚད་ལྟ་ཞིབ་བྱེད་ཐབས་ལག་བསྟར་བྱས་ཏེ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་སྤུས་ཚད་དང་སློབ་གྲྭའི་སློབ་གཉེར་སྤུས་ཚད་དང་སློབ་མའི་འཕེལ་རྒྱས་ཀྱི་སྤུས་ཚད་གདེང་འཇོག་ཚད་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ་འོས་འགན་སློབ་གསོའི་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
     ཆ་འཕྲིན་ལག་རྩལ་དང་སློབ་གསོ་སློབ་ཁྲིད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ཐད་སློབ་གསོ་ཆ་འཕྲིན་ཅན་2.0ཡི་བྱ་སྤྱོད་འཆར་གཞི་ལག་བསྟར་དང་ཀྲུང་གོའི་རིག་ནུས་སློབ་གསོ་འཕེལ་རྒྱས་ཀྱི་ཇུས་གཞིར་ཞིབ་འཇུག་སོགས་བྱེད་རྒྱུ་རེད་ཅེས་བཏོན་ཡོད་པ་རེད།
     ངལ་རྩོལ་སློབ་གསོར་ཤུགས་སྣོན་ཆེན་པོ་རྒྱག་པའི་ཐད་སློབ་གསོ་པུས་ངལ་རྩོལ་སློབ་གསོར་ཤུགས་སྣོན་རྒྱག་པའི་མཛུབ་ཁྲིད་བསམ་འཆར་དང་ངལ་རྩོལ་སློབ་གསོའི་མཛུབ་ཁྲིད་རྩ་གནད་བཏོན་སྟེ་བཟོ་བཅོས་བརྒྱབ་པའི་སློབ་གསོའི་བཅའ་ཁྲིམས་ནང“ངལ་རྩོལ”སློབ་གསོའི་བྱེད་ཕྱོགས་ལ་བརྩི་དགོས། ལས་རིགས་སློབ་གླིང་དང་སློབ་གྲྭས་སློབ་གྲྭ་འབྲིང་ཆུང་དང་མཉམ་དུ་ངལ་རྩོལ་དང་ལས་རིགས་བློ་འབྱེད་སློབ་གསོ་སྤེལ་རྒྱུར་སྐུལ་ལྕག་བཏང་སྟེ་སློབ་མ་ངལ་རྩོལ་ལག་ལེན་ནང་ཞུགས་པའི་ནང་དོན་སློབ་གྲྭ་འབྲིང་ཆུང་གི་འབྲེལ་ཡོད་སློབ་ཚན་དང་སློབ་མའི་ཕྱོགས་བསྡུས་བྱང་ཚད་གསོ་སྦྱོང་གདེང་འཇོག་ནང་འཇོག་དགོས།
     སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྒྲིག་གཞི་ལམ་སྲོལ་སྒྱུར་བཅོས་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་ཐད་སློབ་གསོ་པུས་འོས་འགན་སློབ་གསོ་འཕེལ་རྒྱས་གཞི་རྩའི་ཆ་ནས་དོ་སྙོམས་ཡིན་པའི་རྫོང(གྲོང་ཁྱེར་དང་ཆུས)ལ་ལྟ་སྐུལ་མཛུབ་ཁྲིད་ཚོད་སྐོར་ཁས་ལེན་མུ་མཐུད་བྱས་ཏེ་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་སྤུས་ལེགས་དོ་སྙོམས་རྫོང(གྲོང་ཁྱེར་དང་ཆུས)ལ་ལྟ་སྐུལ་མཛུབ་ཁྲིད་ཚོད་སྐོར་ཁས་ལེན་ལས་དོན་སྤེལ་དགོས། དབུས་ནུབ་རྒྱུད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ལྟ་ཞིབ་ཚོད་སྐོར་མུ་མཐུད་བྱེད་དགོས། རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་སྤུས་ཚད་ལ་ལྟ་ཞིབ་བྱས་ཏེ་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་དོན་ཚད་ལོན་ཚོད་སྐོར་དང་ཞིབ་བཤེར་ཚོད་སྐོར་བྱ་ཐབས་མུ་མཐུད་ལག་བསྟར་བྱེད་པ་དང་། ཆེད་ལས་ཚོད་སྐོར་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་ཀྱི་དཔྱད་རྩོམ་ལ་ཟུར་བཤེར་བྱེད་པ་བཅས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།