འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་26ཉིན།

༄༅།།“དྲ་སྦྲེལ+”ལ་བརྟེན་ནས་ཀུན་ཕན་གྲོང་གསེབ་གཏོད་རྒྱུར་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་26ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ◆ 2018ལོའི་ཟླ་12པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་དྲ་ཆེན་སྤྱོད་མཁན་ལོ་ཧྲིལ་པོར་དུད་ཚང་ཁྲི་2364མང་དུ་ཕྱིན་ནས་དུད་ཚང་བསྡོམས་འབོར་དུང་ཕྱུར་1.17ཟིན་ནས་མྱུར་ཚད་གྲོང་ཁྱེར་གྱི་དྲ་ཆེན་སྤྱོད་པའི་དུད་ཚང་ལས་བརྒྱ་ཆའི་གྲངས་11.4མཐོ་བ་ཡོད། གཞི་རིམ་གྱི་གྲོང་ཚོ་དང་ཚོགས་ཆུང་སྔར་བས་མང་བར་བརྡ་རྟགས་མཐོ་ལྕོག་དང་འོད་སྐུད་འདི་ཉིད་ཞིང་ལས་འཕེལ་རྒྱས་གཏོང་བའི་འདེགས་གནས་གསར་པ་ཞིག་ཏུ་གྱུར་པ་དང་ཆབས་ཅིག་དྲ་ཐོག་ཚོང་ཁང་སོགས་ལས་རྣམ་གསར་པ་གྲོང་གསེབ་ཏུ་དར་རྒྱས་གོང་འཕེལ་བྱུང་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཡོངས་བསྒྲགས་བྱས་པའི《ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》ནང་དྲ་ཆེན་དྲ་རྒྱ་གྲོང་གསེབ་ཏུ་སྣུར་སྲིང་བྱ་རྒྱུར་སྐུལ་མ་མགྱོགས་པོ་གཏོང་བ་མ་ཟད། མྱུར་ཚད་མགྱོགས་སུ་གཏོང་བ་དང་གྲོན་དངུལ་དམའ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། གྲངས་གཞིའི་གྲོང་གསེབ་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ། “དྲ་སྦྲེལ་+”ལ་བརྟེན་ནས་ཞིང་པའི་ཐོན་ཟོག་གྲོང་གསེབ་ནས་ཕྱིར་གཏོང་དང་གྲོང་ཁྱེར་དུ་ནང་འདྲེན་བྱེད་པའི་འདུ་འགོད་ལག་ལེན་བསྟར་རྒྱུ་བཅས་བཏོན་ཡོད་པ་རེད།
     དྲ་རྒྱར་ཁྱད་ལྡན་ཞིང་ལས་ཟོན་ཐོག་ཐད་ཀར་འོས་སྦྱོར་བརྒྱུད་དྲ་རྒྱའི་མངགས་ཐོ་འབྱོར་ཚེ་འཕྲལ་མར་དངོས་ཟོག་གཏོང་བ་སོགས་བྱེད་ཀྱི་ཡོད་པས་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཅིའུ་ཐའེ་ཆུས་ཁྲེང་ཙེ་ཅེ་གྲོང་རྡལ་ཏ་པ་གྲོང་ཚོའི་དམངས་ཕྱུག་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཀྲང་ལུའེ་ཡི་དྲ་ཐོག་གི་ཡུལ་ཟོག་བྲིན་ཁ་རྒྱུག་པོ་ཡོད་པས་དྲ་རྒྱའི་མྱུར་ཚད་ཤིན་ཏུ་མགྱོགས་པོ་དང་ཟམ་མི་ཆད་པར་བཟང་སྒྲིག་བྱུང་བའི་དྲ་རྒྱའི་ཞབས་ཞུས་ཁོང་ལ་རོགས་སྐྱོར་ཆེན་པོ་བྱུང་ཡོད།
    ད་ཆ་ཀྲང་ལུའེ་དང་འདྲ་བར་དྲ་སྦྲེལ་གྲོང་ཚོ་དང་དུད་ཚང་དུ་ཁྱབ་ནས་སྟབས་བདེ་བྱུང་བའི་ཞིང་པ་སྔར་བས་ཇེ་མང་དུ་གྱུར་ཏེ“དྲ་སྦྲེལ་དང་ཞིང་ལས་ཟུང་དུ་འབྲེལ་བའི”བྱ་ཐབས་ཀྱིས་གྲོང་གསེབ་འཕེལ་རྒྱས་ཡོང་བར་ཉིན་བཞིན་ཆེ་རུ་འགྲོ་བའི་སྒུལ་ཤུགས་བསྣན་ཡོད་པ་རེད།
     བཟོ་ལས་དང་ཆ་འཕྲིན་ཅན་པུས་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2018ལོའི་ཟླ་12པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་དྲ་ཆེན་སྤྱོད་མཁན་ལོ་ཧྲིལ་པོར་དུད་ཚང་ཁྲི་2364མང་དུ་ཕྱིན་ནས་དུད་ཚང་བསྡོམས་འབོར་དུང་ཕྱུར་1.17ཟིན་ནས་མྱུར་ཚད་གྲོང་ཁྱེར་གྱི་དྲ་ཆེན་སྤྱོད་པའི་དུད་ཚང་ལས་བརྒྱ་ཆའི་གྲངས་11.4མཐོ་བ་ཡོད། གཞི་རིམ་གྱི་གྲོང་ཚོ་དང་ཚོགས་ཆུང་སྔར་ལས་མང་བར་བརྡ་རྟགས་མཐོ་ལྕོག་དང་འོད་སྐུད་འདི་ཉིད་ཞིང་ལས་འཕེལ་རྒྱས་གཏོང་བའི་འདེགས་གནས་གསར་པ་ཞིག་ཏུ་གྱུར་པ་དང་ཆབས་ཅིག་དྲ་ཐོག་ཚོང་ཁང་སོགས་ལས་རྣམ་གསར་པ་གྲོང་གསེབ་ཏུ་དར་རྒྱས་གོང་འཕེལ་བྱུང་ཡོད་པ་རེད།
    བཟོ་འཕྲིན་པུའུ་དང་ནོར་སྲིད་པུས་2015ལོའི་ལོ་མཇུག་ནས་གློག་འཕྲིན་ཀུན་ཁྱབ་ཀྱི་ཞབས་ཞུའི་ཚོད་ལྟ་སྒྲིག་འཛུགས་ལག་བསྟར་བྱས་པ་དང་ཁག་དང་པོ་ནས་གསུམ་པའི་བར་གྱི་ཚོད་ལྟར་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་ལ་བརྟེན་ནས་རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་སྣེ་ཁྲིད་དེ་མ་དངུལ་ཁྱོན་སྒོར་དུང་ཕྱུར་400ལས་བརྒལ་བ་བཏང་ནས་སྲིད་འཛིན་གྲོང་ཚོ་ཁྲི་13ལ་འོད་སྐུད་དྲ་རྒྱ་ཤར་གཏོང་ཐུབ་རྒྱུར་རྒྱབ་སྐྱོར་བྱས་པའི་ནང་གྲོང་ཚོ་དབུལ་པོ་ཁྲི་4.3ཚུད་ཡོད་པས་རང་རྒྱལ་གྱི་གྲོང་གསེབ་དང་དེ་བཞིན་ཐག་རིང་ལུང་ཁུག་ས་ཁུལ་གྱི་དྲ་ཆེན་དྲ་རྒྱ་ཁྱབ་པའི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་བཏང་ཡོད་པ་རེད། འོད་སྐུད་དྲ་རྒྱ་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པའི་རྨང་གཞིའི་ཐོག་བཟོ་འཕྲིན་པུའུ་དང་ནོར་སྲིད་པུས་གློག་འཕྲིན་ཀུན་ཁྱབ་ཀྱི་ཞབས་ཞུའི་ཚོད་ལྟ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་དང་ཐག་རིང་ལུང་ཁུག་ས་ཁུལ་དུ་4Gདྲ་རྒྱ་ཁྱབ་རྒྱུར་རྒྱབ་སྐྱོར་བྱས་ཏེ་2020ལོར་སླེབས་སྐབས་སྲིད་འཛིན་གྲོང་ཚོར་4Gདྲ་རྒྱ་ཁྱབ་ཚད་98%ཡན་ཟིན་ནས་མང་ཚོགས་ཀྱིས་སྒུལ་བདེའི་དྲ་སྦྲེལ་སྤྱོད་པའི་དགོས་མཁོ་སྔར་བས་ཡག་པོ་བསྐང་རྒྱུ་རེད།
     རིགས་གཅིག་མཁས་ཅན་གྱིས་མིག་སྔར་དྲ་སྦྲེལ་གྲོང་ཚོར་ཁྱབ་རྒྱུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལེ་ལག་ཚང་བའི་ཞབས་ཞུ་སྔར་བཞིན་མུ་མཐུད་གོང་མཐོར་གཏོང་དགོས་པ་དང་ཇི་ལྟར་བྱས་ཏེ་ཞིང་པ་དེ་བས་མང་བར་དྲ་རྒྱ་སྤྱོད་རྒྱུ་ཡོད་པ་དང་། སྤྱོད་ཐུབ་པ། ཡག་པོ་སྤྱོད་པ་བཅས་བྱ་རྒྱུ་ནི་གྲོང་གསེབ་ཀྱི་དྲ་རྒྱའི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཅིག་ཡིན་ཞེས་བརྗོད་པ་རེད།