འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་23ཉིན།

༄༅།།ཀན་སུའུ་ཡན་ཁྲི་དབན་སྲུང་སྐྱོང་ཁུལ་དུ་གསའ་ཡང་ཡང་ཐོན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་23ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། དམར་ཐིག་པར་ཆས་ཀྱིས་པར་ལེན་བྱས་པའི་བརྙན་པར་དཔྱད་གཞིར་གཞིགས་ན། མདོ་ལ་རིང་མོའི་ནུབ་མཐར་གནས་པའི་ཀན་སུའུ་ཡན་ཁྲི་དབན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གསའ་ཡང་ཡང་ཐོན་པ་རེད།
     2018ལོའི་ཟླ་དྲུག་པ་ནས་བཅུ་གཉིས་པའི་བར་ཀན་སུའུ་ཡན་ཁྲི་དབན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་གཙོ་གནད་ས་ཁོངས་4རུ་གསའ་བརྟག་དཔྱད་བྱས་པ་དང་འབྲེལ་དམར་ཐིག་པར་ཆས་བཙུགས་ནས་ལྟ་ཞིབ་ཚད་ལེན་བྱས་པ་རེད། དེའི་རིང་དམར་ཐིག་པར་ཆས་234བཙུགས་པ་དང་། གསའི་བྲུན་120བསྡུ་ལེན། སྤྱི་ལེ་ངོས་གྲུ་3075ལ་བརྟག་དཔྱད་བཅས་བྱས་པ་རེད།
     2018ལོའི་ཟླ་བཞི་པར་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས(WWF)ཀྱིས་ཀན་སུའུ་ཡན་ཁྲི་དབན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་དང་མཉམ་ལས་བྱས་ཏེ་གསའ་སྲུང་སྐྱོང་རྣམ་གྲངས་སྤེལ་བ་རེད། ད་ཐེངས་ཀྱི་ཡུས་ཨར་ཧུང་ཡུག་ཁུལ་གྱི་གསའ་བརྟག་དཔྱད་ལས་དོན་ཕྱོགས་གཉིས་པོས་མཉམ་དུ་སྒྲིག་འཛུགས་བྱས་པ་ཞིག་རེད།
     གསའ་ནི་ཤ་གཟན་སྲོག་ཆགས་ཡིན་པ་དང་ས་མཐོའི་སྣོད་བཅུད་མ་ལག་གི་སྲོག་ཆགས་རྩ་ཆེན་རིགས་ཤིག་ཡིན་པས་ས་ཁོངས་ཀྱི་སྣོད་བཅུད་བཟང་ངན་མཚོན་ཐུབ་པ་དང་གསའི་འཚོ་སྡོད་བྱ་ཡུལ་གཙོ་བོ་ཧི་མ་ལ་ཡའི་ཉེ་འཁོར་རྒྱུད་དུ་ཡིན་པ་རེད།