འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་22ཉིན།

༄༅༎ཁ་བས་རི་ལམ་བཀག་པས། བོད་ལྗོངས་ཀྱི་མཐའ་མཚམས་དཔོན་དམག་གིས་མིས་ཁུར་བ་དང་རྟར་དོ་པོ་
འགེལ་ནས་དངོས་རྫས་སྐྱེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་22ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཁ་བས་རི་ལམ་བཀག་པས། བོད་ལྗོངས་ཀྱི་མཐའ་མཚམས་དཔོན་དམག་གིས་མིས་ཁུར་བ་དང་རྟར་དོ་པོ་
འགེལ་ནས་དངོས་རྫས་སྐྱེལ་བ།
     ཉེ་ཆར། “འཛམ་གླིང་གི་ཡང་རྩེའི་ཡང་རྩེ་”ཞེས་བརྗོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་ཕྱོགས་སུ་ཁ་བ་ཆེན་པོ་འབབ་པ་དང་བུ་ཡུག་འཚུབ་པས། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4700ཡོད་པའི་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་ལས་སྒྲུབ་ས་ཚིགས་ཞིག་གི་མཁོ་དངོས་སྐྱེལ་ལམ་ཁ་བ་ཆེན་པོས་བཀག་ཡོད་པ་རེད། ཁ་བ་ཆེན་པོ་འབབ་ནས་སྐེད་པའི་མཚམས་སུ་སླེབས་ཀྱི་ཡོད་ལ།  གྲང་རླུང་འུར་འུར་ལྡང་བ་དང་།  ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པའི་ཁོར་ཡུག་འོག ཚེས་20ཉིན་དཔོན་དམག་4དང་དམག་རྟ་6གིས་མིས་ཁུར་བ་དང་རྟ་ལ་འགེལ་བའི་བྱེད་ཐབས་ལ་བརྟེན་ནས། ཆུ་ཚོད་10འབད་བརྩོན་བྱས་མཐར་བཏུང་ཆུ་དང་།  ཟས་རིགས། རྡོ་སོལ་བསྲེགས་མ་སོགས་དངོས་རྫས་བར་ཐག་སྤྱི་ལེ་20ཡོད་པའི་ལས་སྒྲུབ་ས་ཚིགས་སུ་སྐྱེལ་བ་རེད།
【1】  【2】
༄༅༎ཁ་བས་རི་ལམ་བཀག་པས། བོད་ལྗོངས་ཀྱི་མཐའ་མཚམས་དཔོན་དམག་གིས་མིས་ཁུར་བ་དང་རྟར་དོ་པོ་
འགེལ་ནས་དངོས་རྫས་སྐྱེལ་བ།