འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་22ཉིན།

༄༅།།ཧྥང་ཧྥུན་ཧུའེ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་20ཉིན། དམག་དོན་ཁྲིམས་ཁང་གིས་ཁྲིམས་ལྟར་ཀྲུང་དབྱང་དམག་ཨུད་ཀྱི་མཉམ་འབྲེལ་ཚ་མོ་པུའུ་ཡི་དེ་སྔའི་ཚན་མོའུ་ཀྲང་ཧྥང་ཧྥུན་ཧུའེ་ཡིས་ལྐོག་རྔན་ལེན་པ་དང་། ལྐོག་རྔན་སྤྲོད་པ། རྒྱུ་ནོར་འབོར་ཆེན་གྱི་ཡོང་ཁུངས་ཁ་གསལ་མེད་པའི་སྐོར་གྱི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཧྥང་ཧྥུན་ཧུའེ་ལ་ལྐོག་རྔན་ལེན་པ་དང་ལྐོག་རྔན་སྤྲོད་པ། རྒྱུ་ནོར་འབོར་ཆེན་གྱི་ཡོང་ཁུངས་གསལ་པོ་མེད་པའི་ནག་ཉེས་ཡོད་པས། ཉེས་མང་སྡེབ་གཅོད་བྱས་ནས། ཚེ་བཙོན་བྱ་རྒྱུའི་ཁྲིམས་ཐག་གཅོད་རྒྱུ་དང་། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་།    ལྐོག་རྔན་བླངས་པའི་དངུལ་དང་དངོས་པོ་བདའ་འདེད་བཏང་ནས་རྒྱལ་མཛོད་ནང་འཇུག་རྒྱུ་ཡིན་པ་རེད།