འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོ་—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་སྦྱོར་སྤེལ་རེས་ལོའི་འགོ་ཚུགས་མཛད་སྒོར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
         མི་དམངས་དྲ་བའི་འཕྲིན། 2019ལོའི་ཀྲུང་གོ་—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་སྦྱོར་སྤེལ་རེས་ལོའི་འགོ་ཚུགས་མཛད་སྒོ་ཚེས་20ཉིན་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དབར་རི་ཆུ་འབྲེལ་ལ། མི་ཆོས་ཕན་ཚུན་འབྲེལ་ཡོད་པ་དང་། མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་བར་ཤུགས་སྣོན་རྒྱབ་ཡོད་ལ། ཐུན་མོང་ཐོག་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་དང་། མི་ཆོས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། འོས་འཚམ་ངང་ཕྱོགས་འགལ་ཐག་གཅོད་བྱས་ནས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད་པས། ཀྲུང་གོ་— ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རིམ་གསར་པར་སླེབས་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས། ཀྲུང་གོ་—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སྨྱན་སྦྱོར་སྤེལ་རེས་ལོ་གཉེར་བ་ནི། ཕྱོགས་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་བའི་གལ་ཆེའི་བྱ་ཐབས་ཤིག་ཡིན། སྨྱན་སྦྱོར་ནི་སྤེལ་རེས་དང་མཉམ་ལས་བྱེད་བ་དང་། དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་ལྟ་བུ་ཡིན་པས། ཀྲུང་གོ་—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ནུས་པ་ཆེན་པོ་ཐོན་ཐུབ་རྒྱུ་རེད། ཕྱོགས་གཉིས་པོའི་སྨྱན་སྦྱོར་ཚོགས་པས་མཛའ་མཐུན་གྱི་འགྲོ་འོང་ཁྱབ་སྤེལ་བྱེད་མཁན་དང་། དངོས་གཉེར་མཉམ་ལས་ཀྱི་སྐུལ་འདེད་པ། འཆམ་མཐུན་མཉམ་གནས་ཀྱི་སྲུང་སྐྱོང་པ་ལེགས་པོ་བྱེད་པ་དང་། ཐུན་མོང་ཐོག་ཞི་བདེར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་གཏམ་རྒྱུད་ལེགས་པར་བཤད་ནས། ཐུན་མོང་ཐོག་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།