འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎ཁོ་ལོན་པོའི་“ན་ཝ་མུའི་ཉ་གང་དུས་ཆེན་”གྱི་ཁྲོམ་སྐོར་བྱེད་མཁན་གླང་ཆེན་གྱི་སྒར་སར་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
 ཟླ་2ཚེས་17ཉིན་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོར་གླང་ཆེན་ཞིག་ཆེད་སྤྱོད་རླངས་འཁོར་གྱིས་པེ་ལ་མཚོའི་གླང་ཆེན་སྒར་སར་བསྐྱལ།
 ཟླ་2ཚེས་17ཉིན་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོར་གླང་ཆེན་ཞིག་ཆེད་སྤྱོད་རླངས་འཁོར་གྱིས་པེ་ལ་མཚོའི་གླང་ཆེན་སྒར་སར་བསྐྱལ།
     མི་དམངས་དྲ་བའི་འཕྲིན། སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོ་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་པེ་ལ་མཚོ་ངོགས་སུ་ནམ་རྒྱུན་ཡར་འགྲོ་མར་འགྲོ་བྱེད་མཁན་མི་མང་པོ་མེད་ལ། ཧ་ཅང་ཁ་ཁུ་སིམ་པོ་ཡོད་པ་རེད། ཡིན་ནའང་ལོ་རེའི་ཟླ་2པའི་ཆོས་ལུགས་བྱེད་སྒོ་“ན་ཝ་མུའི་ཉ་གང་དུས་ཆེན་”རིང་ལ། འདི་གར་ཐག་རིང་ནས་ཡོང་བའི“སྐུ་མགྲོན་”གྱིས་སྒར་བརྒྱབ་ནས་བསྡད་པའི་རྐྱེན་གྱིས་ཧ་ཅང་འཁྲུག་ཆ་དོད་པོར་འགྱུར་གྱི་ཡོད། དེ་དག་ནི་ཉ་གང་ཁྲོམ་སྐོར་ལ་ཞུགས་རྒྱུའི་གདན་ཞུ་ཐོབ་པའི་གླང་ཆེན་བཅུ་ཕྲག་ཡིན་པ།
【1】  【2】  【3】  【4】