འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་21ཉིན།

༄༅༎རང་རྒྱལ་དུ་ལས་རིགས་སློབ་གླིང་ཁྲི་1.17ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་21ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་19ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། 2018ལོར་རྒྱལ་ཡོངས་སུ་ལས་རིགས་སློབ་གླིང་ཁྲི་1.17ཡོད་པ་དང་། ལོར་སློབ་མ་ཁྲི་928.24བསྡུ་ཡི་ཡོད་པ། སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་ཁྲི་2685.54ཡོད་པ་བཅས་རེད། ལས་རིགས་སློབ་གསོས་གཞི་ཁྱོན་ཆེ་བའི་གསོ་སྐྱོང་ལག་རྩལ་གྱི་རྩལ་ནུས་ཤེས་ལྡན་མི་སྣའི་ནུས་པ་ལྡན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་མེད་དུ་མི་རུང་བའི་མི་ཤུགས་ཐོན་ཁུངས་འདེགས་སྐྱོར་བྱས་ཡོད།
     བསྡོམས་རྩིས་ལ་གཞིགས་ན། རྒྱལ་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གསོར་ཁྱོན་སློབ་གྲྭ་ཁྲི་1.03ཡོད་པ་དང་མཐོ་རིམ་ལས་རིགས(ཆེད་ཚན)སློབ་གླིང་1418ཡོད་པ་རེད། འབྲིང་རིམ་ལས་རིགས་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་10བསྟུད་མར་95%ཡན་རྒྱུན་འཁྱོངས་ཐུབ་པ་དང་མཐོ་རིམ་ལས་རིགས་ཀྱི་སློབ་ཐོན་སློབ་མ་ལོ་ཕྱེད་ཕྱིན་རྗེས་ལས་ཞུགས་ཐུབ་ཚད་90%བརྒལ་ཡོད་པ་རེད། དེང་རབས་བཟོ་སྐྲུན་ལས་རིགས་དང་གསར་དར་ཐོན་ལས་ཁྲོད་ལས་ཞུགས་གསར་འཕར་བྱུང་བའི་མི་སྣ་70%ཡན་ནི་ལས་རིགས་སློབ་གླིང་ནས་ཐོན་པ་ཞིག་རེད།
     ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་ལ་སྐུལ་མ་གཏོང་ཆེད། རྒྱལ་ཡོངས་སུ་ལས་རིགས་ཀྱི་ལས་རིགས་སློབ་གསོའི་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་56དང་ལས་རིགས་སློབ་གསོའི་ཚོགས་པ་1400བཙུགས་ཡོད་པ་རེད། ཁེ་ལས་ཁྲི་3ཡན་ལས་རིགས་སློབ་གསོའི་ནང་ཞུགས་ནས་ཐོན་སློབ་མཉམ་དུ་འཕེལ་རྒྱས་དང་སློབ་ཁེས་ཐུན་མོང་ཐོག་མི་སྣ་གསོ་སྐྱོང་བྱེད་པའི་རྣམ་པ་ཞིག་སྤྱིར་ན་ཆགས་ཡོད་པ་རེད།