འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་20ཉིན།

༄༅།།ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས། པེ་ཅིང་ཐུང་རེན་ཐང་གི་ཀྲུང་གོའི་སྤུས་ཚད་བྱ་དགའི་མཚན་སྙན་མེད་
པ་བཟོས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་20ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་19ཉིན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་གཞུང་ཕྱོགས་དྲ་ཐོག་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གཞུང་དོན་ཐིང་གིས་ཀྲུང་གོ་པེ་ཅིང་ཐུང་རེན་ཐང་(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིའི་ཀྲུང་གོའི་སྤུས་ཚད་བྱ་དགའི་མཚན་སྙན་མེད་བཟོས་པའི་བརྡ་ཁྱབ་བཏང་བ་རེད།
       པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཐིང་། ཀྲུང་གོ་པེ་ཅིང་ཐུང་རེན་ཐང་(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སི། ཉེ་ཆར། ཀྲུང་གོ་པེ་ཅིང་ཐུང་རེན་ཐང་(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིའི་ཁོངས་གཏོགས་པེ་ཅིང་ཐུང་རེན་ཐང་སྦྲང་རྩི་ཐོན་ལས་ཚད་ཡོད་ཀུང་སིས་ཐོན་སྐྱེད་དུས་ཚོད་རྫུན་བཟོ་དང་ཕྱིར་བསྡུ་བྱས་པའི་སྦྲང་རྩི་རྒྱུ་ཆར་བྱས་པར་སྲིད་འཛིན་གྱི་ཆད་པ་ཕོག་ཡོད་པ་རེད། 《ཀྲུང་གོའི་སྤུས་ཚད་བྱ་དགའི་དོ་དམ་བྱ་ཐབས་》(དེ་སྔའི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་བཀའ་རྒྱ་ཨང་167 པའི།)ནང་གི་དོན་ཚན་ཨང་སུམ་བཅུ་སོ་གཉིས་པར་གཞིགས་ན། “བྱ་དགའ་ཐོབ་མཁན་སྒྲིག་འཛུགས་དང་མི་སྒེར་ལ་ལོ་གཉིས་ཚུན་དུ་སྤུས་ཚད་དང་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་པ་དང་། ཁྲིམས་དང་འགལ་བ། སྒྲིག་སྲོལ་ལས་འགལ་བ། སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ཐོན་ན། བྱ་དགའ་མེད་པ་བཟོ་བ་དང་བརྡ་ཁྱབ་གཏོང་རྒྱུ་ཡིན་པ་འཁོད་ཡོད་།”   ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་པར་གཞིགས་ན། ད་ལྟ་ཀྲུང་གོ་པེ་ཅིང་ཐུང་རེན་ཐང་(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིའི་ཀྲུང་གོའི་སྤུས་ཚད་བྱ་དགའི་མཚན་སྙན་མེད་པ་བཟོ་རྒྱུ་དང་། དཔང་ཡིག་དང་བྱ་དགའི་བུམ་པ་ཕྱིར་ལེན་བྱ་རྒྱུ་ཡིན་པ་རེད།