འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་20ཉིན།

༄༅།།གོ་ལ་ཧྲིལ་པོའི་5Gམེ་འཁོར་བབས་ཚུགས་ཐོག་མ་དེ་སྐྲུན་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་20ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་18ཉིན་གྱི་ཕྱི་དྲོ། 5Gཁང་པའི་ནང་གི་གྲངས་འཛིན་མ་ལག་སྤྱད་པའི་གོ་ལ་ཧྲིལ་པོའི་5Gམེ་འཁོར་བབས་ཚུགས་ཐོག་མ་དེ་ཧྲང་ཧའེ་ཧུང་ཆའོ་མེ་འཁོར་བབས་ཚུགས་སུ་སྐྲུན་འགོ་ཚུགས་པ་རེད།
     ལས་རིགས་དེའི་མི་སྣས་5Gམེ་འཁོར་བབས་ཚུགས་སྐྲུན་འགོ་ཚུགས་པ་དེ་ནི་ཧྲང་ཧའེ་རུ་ཚོང་སྤྱོད་5Gཡི་གོམ་སྟབས་ཐད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དེས་ཧྲང་ཧའེ་ཡིས“སྟོང་ཀྲའོ་གཉིས་ཀྱི་དྲ་ཆེན་གྲོང་ཁྱེར”(སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་དང་གཏན་འཇགས་དྲ་ཆེན་དྲ་རྒྱ་གཉིས་ཀ་སྟོང་ཀྲའོ་གྲོང་ཁྱེར་ཡོངས་སུ་ཁྱབ་ཐུབ་པ་བྱ་རྒྱུ)བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། དེ་དང་ཆབས་ཅིག་འདི་ནི་རང་རྒྱལ་གྱི་5Gལག་རྩལ་རིག་ལྡན་ཅན་དུ་ཕྱོགས་སྒྱུར་བཀོལ་སྤྱོད་བྱེད་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་རེད་ཅེས་ངོ་སྤྲོད་བྱས།
     ཤེས་རྟོགས་བྱུང་བར་གཞིགས་ན། ཚོང་སྤྱོད་5Gཡི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། མི་ཐབས་རིག་ནུས། བཟོ་ལས་དྲ་སྦྲེལ་དང་ཟོག་སྦྲེལ་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་ཆེད། ཧྲང་ཧའེ་གྲོང་ཁྱེར་གྱིས“སྟོང་ཀྲའོ་གཉིས་ཀྱི་དྲ་ཆེན་གྲོང་ཁྱེར”བསྐྲུན་རྒྱུ་དང་5Gསྔོན་ལ་ཚོད་ལྟ་དང་སྔོན་ལ་ལག་བསྟར་བཀོལ་སྤྱོད་གཏིང་ཟབ་བྱ་རྒྱུ་བཏོན་ཞིང་། ཕྱི་རོལ་གྱི་ལག་རྩལ་ཚོད་ལྟ་དང་ཚོང་སྤྱོད་ཐད་ཀྱི་ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྤེལ་བ། གཞི་ཁྱོན་ལྡན་པའི་སྒོ་ནས་5Gས་ཚིགས་ཁྲི་1བཀོད་སྒྲིག་བྱ་རྒྱུ། རྒྱལ་ཡོངས་ཀྱི་སྔོན་ལ་ཚོང་སྤྱོད་ལས་དོན་སྤེལ་བ་བཅས་བྱས་ཏེ་ཧྲང་ཧའེ་འདི་ཉིད་5Gགསར་གཏོད་ལག་བསྟར་བྱ་ཡུལ་གཙོ་བོར་འགྱུར་བ་བྱ་རྒྱུ་རེད།