འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་20ཉིན།

༄༅།།ལྷ་སའི་སྟག་རྩེ་ཆུས་སུ་ལས་བྱེད་པ་དང་མང་ཚོགས་ཆ་སྒྲིག་གིས་དབུལ་སྒྲོལ་གྱི་རོལ་དབྱངས་དཀྲོལ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་20ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་རྗེས་སྟག་རྩེ་ཆུས་ཀྱིས“རྫོང་རིམ་པའི་ལས་བྱེད་པས་དུད་ཚང་གསུམ་ལ་རོགས་སྐྱོར་བྱེད་པ་དང་། ཁོའོ་རིམ་པའི་ལས་བྱེད་པས་དུད་ཚང་གཉིས་ལ་རོགས་སྐྱོར་བྱེད་པ། སྤྱིར་བཏང་ལས་བྱེད་པས་དུད་ཚང་གཅིག་ལ་རོགས་སྐྱོར་བྱེད་པ”བཅས་ཀྱི་ཆ་སྒྲིག་རོགས་སྐྱོར་ལམ་ལུགས་ལག་བསྟར་བྱས་ཏེ་གནས་ཀྱིས་གནས་ལ་རོགས་སྐྱོར་གྱིས་མི་བབ་དང་བསྟུན་ནས་ཐབས་ཇུས་བཏོན་ཐོག་མང་ཚོགས་དབུལ་པོའི་བབ་དང་བསྟུན་ནས་ཕྱུག་འགྱུར་ཐབས་ལམ་བཙལ་ཏེ་ཇ་ཁང་བཙུགས་པས་ས་གནས་དེ་གའི་མང་ཚོགས་ལ་ཟླ་རེར་འབབ་འཕར་སྒོར་2000ཙམ་བྱུང་བ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རྒྱ་ཁྱོན་དེ་ཙམ་ཆེན་པོ་མེད་རུང་གཙང་སྦྲ་དོད་པའི“བདེ་སྐྱིད་ཇ་ཁང”ནང་ལོ་ལྔ་བཅུ་ཡོལ་བའི་གནམ་གང་གིས་མགྲོན་པོར་སེམས་རྩ་འཁོལ་པོས་ཇ་མངར་མོ་བཏེགས་ཞོར་དུ་འཛུམ་དམུལ་དམུལ་ངང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་།
     གནམ་གང་ནི་དེ་སྔ་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་གཙང་རྟོགས་ཤང་ལ་མོ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། རྐང་པར་སྐྱོན་ཕྲན་བུ་ཡོད་རྐྱེན་ཤུགས་ལས་བྱེད་མི་ཐུབ་པ་དང་ཕྱི་ཕྱོགས་སུ་ལས་ཀར་འགྲོ་ཐུབ་ཀྱི་མེད་སྟབས་ཁོང་ཁྱིམ་གྱིས་རེ་ཞིག་མ་མཐའི་འཚོ་བ་འགན་ལེན་ལ་བརྟེན་ནས་འཚོ་ཐབས་བྱེད་དགོས་བྱུང་ཡོད།
     དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་རྗེས་སྟག་རྩེ་ཆུས་ཀྱིས“རྫོང་རིམ་པའི་ལས་བྱེད་པས་དུད་ཚང་གསུམ་ལ་རོགས་སྐྱོར་བྱེད་པ་དང་། ཁོའོ་རིམ་པའི་ལས་བྱེད་པས་དུད་ཚང་གཉིས་ལ་རོགས་སྐྱོར་བྱེད་པ། སྤྱིར་བཏང་ལས་བྱེད་པས་དུད་ཚང་གཅིག་ལ་རོགས་སྐྱོར་བྱེད་པ”བཅས་ཀྱི་ཆ་སྒྲིག་རོགས་སྐྱོར་ལམ་ལུགས་ལག་བསྟར་བྱས་ཏེ་གནས་ཀྱིས་གནས་ལ་རོགས་སྐྱོར་གྱིས་མི་དང་བསྟུན་ནས་ཐབས་ཇུས་བཏོན་ཐོག་མང་ཚོགས་དབུལ་པོའི་བབ་དང་བསྟུན་ནས་ཕྱུག་འགྱུར་ཐབས་ལམ་བཙལ་བ་རེད།
     གནམ་གང་དང་ཆ་སྒྲིག་བྱས་པའི་སྟག་རྩེ་ཆུས་དམངས་སྲིད་ཅུས་ཀྱི་ཁོའོ་ཡོན་ཀྲོའུ་ཝེས་ཁོང་གི་ཁྱིམ་དུ་ཐེངས་མང་འཚམས་འདྲི་བྱས་རྗེས་གནམ་གང་གིས་ལྟོ་ཆས་ཡག་པོ་བཟོ་ཤེས་པ་རྒྱུས་མངའ་བྱུང་ཡོད། དེ་རྗེས་ཚན་པའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་ཀྲོའུ་ཝེས་དམངས་སྲིད་ཅུས་ཀྱི་སྒོ་ཁ་ནས་ཁང་གླ་ཆག་ཡང་དང་རྩ་ཆག་བཏང་བ་ཞིག་བཙལ་བ་དང་འབྲེལ་གནམ་གང་ལ་འབྲེལ་ཡོད་འགྲོ་ལུགས་གཉེར་རོགས་བྱས་ཏེ་ཇ་ཁང་བཙུགས་པ་རེད།
     གནམ་གང་གིས“ཇ་ཁང་ཆུང་མོད། ཚལ་སྣ་འཛོམས་པོ་ཡོད”ཅེས་ཤོད་པ་དང་ཁོང་གིས“ཐོག་མར་ཇ་ཁང་ནང་ཇ་མངར་མོ་དང་བོད་ཐུག་ལས་མེད། རྗེས་སུ་ངས་ཚ་སྐྱུར་ཕིང་དང་། རྒྱ་ཐུག ཞོག་བསྲེགས་སོགས་བཟོ་གི་ཡོད། དེ་ལྟར་དགུན་དུས་མགྲོན་པོ་ཉུང་ཤོས་ཀྱི་སྐབས་སུའང་ཟླ་རེར་ཁེ་སྤོགས་སྒོར་2000ཙམ་ཟིན་པ་དང་དབྱར་དུས་ཁེ་སྤོགས་དེ་བས་མང་བ་ཡོང་གི་འདུག”ཅེས་བཤད།
     ཇ་ཁང་འཛུགས་པའི་ལོ་དེར་གནམ་གང་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་དང་ཁོང་གིས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ནས་རང་འགུལ་ངང་ཕྱིར་འཐེན་བྱེད་པའི་རེ་ཞུ་ཕུལ་བ་མ་ཟད། ད་དུང་དུས་ཆེན་གཏོང་སྐབས་ཀྲོའུ་ཝེས་སྤྲད་པའི་འཚམས་འདྲིའི་དངུལ་ཡང་བླངས་མེད། གནམ་གང་གིས“སྲིད་ཇུས་ཡག་པོ་དེ་ལྟ་བུ་ཡོད་པས་ངས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དཀའ་སྤྱད་ཕྱུག་འགྱུར་ཐུབ་པའི་གདེང་ཚོད་ཡོད”ཅེས་བཤད།
     ཇ་ཁང་དེ་དམངས་སྲིད་ཅུས་ཀྱི་གམ་དུ་ཡོད་སྟབས་གཉེན་སྒྲིག་ཐོ་འགོད་སོགས་ཀྱི་ལས་དོན་སྒྲུབ་པར་ཡོང་མཁན་མང་ཚོགས་ཅུང་མང་བས་ཀྲོའུ་ཝེས་སླར་ཡང་གནམ་གང་ལ་པར་སློག་འཕྲུལ་ཆས་གཅིག་ཉོས་ནས་ལག་ཁྱེར་པར་སློག་རྒྱག་པ་སོགས་བྱ་རྒྱུའི་ཇུས་བཏོན། “ལས་བྱེད་པ་མང་པོ་ཞིག་གིས་ཁོང་དང་འདྲ་བར་ང་ཚོ་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་བློ་རྩེ་གཅིག་སྒྲིམ་ངང་རོགས་རམ་བྱེད་ཀྱི་ཡོད”ཅེས་གནམ་གང་གིས་ཀྲོའུ་ཝེ་མཛུབ་མོས་སྟོན་བཞིན་གད་མོ་འཚེར་འཚེར་ངང་བཤད།
     སྟག་རྩེ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀན་གྱིས“རྒྱུན་མཐུད་དབུལ་སྒྲོལ་ཐུབ་པ་བྱེད་པར་སྲིད་ཇུས་ཀྱི་ཐ་སྐྱོང་ཁོ་ནར་བརྟེན་མི་རུང་བར་མང་ཚོགས་ཀྱིས་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་བྱས་ཚེ་གཞི་ནས་འབྱོར་འབྲིང་གི་རྨང་གཞི་འདིང་ཐུབ”ཅེས་བརྗོད་པ་དང“ལས་བྱེད་པས་ཐབས་ལམ་འཚོལ་བ་དང་མང་ཚོགས་ཀྱིས་ཤུགས་འདོན་དགོས། ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཚེ་ང་ཚོས་གོམ་སྟབས་བརྟན་པོའི་ངང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་ཐུབ་རྒྱུར་གདེང་ཚོད་ཆེན་པོ་ཡོད”ཅེས་བརྗོད་པ་རེད།