འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅༎གསོ་སྦྱོང་བྱེད་ཐབས་ནུས་ལྡན་སྤྱད་པས། ལས་ཞུགས་ལམ་རྒྱ་ཆེར་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་རིས་དེ་ནི་དིང་རི་རྫོང་གི་ཞིང་པ་ཚེ་རིང་དང་ནོར་བུ་གཉིས་ཀྱིས་གསོ་སྦྱོང་ནང་ཞུགས་རྗེས་དིང་རི་རྫོང་གི་ཡུལ་སྐོར་དྲན་རྟེན་དངོས་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཞིག་ཏུ་ལས་ཀ་བྱེད་བཞིན་པ།
པར་རིས་དེ་ནི་དིང་རི་རྫོང་གི་ཞིང་པ་ཚེ་རིང་དང་ནོར་བུ་གཉིས་ཀྱིས་གསོ་སྦྱོང་ནང་ཞུགས་རྗེས་དིང་རི་རྫོང་གི་ཡུལ་སྐོར་དྲན་རྟེན་དངོས་རྫས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཞིག་ཏུ་ལས་ཀ་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཞིང་འབྲོག་མང་ཚོགས་ཚོས་ཕྱི་ཕྱོགས་སུ་ལས་གཉེར་བྱེད་པར་བསྐྱོད་པའི་རྩལ་ནུས་མཐོ་རུ་གཏོང་ཆེད། 2018ལོར། གཞིས་རྩེ་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མི་ཁྲིའི་ལས་རིགས་རྩལ་ནུས་གསོ་སྦྱོང་འཆར་གཞི་སྤེལ་འགོ་ཚུགས་པ་རེད། གསོ་སྦྱོང་ནང་འཚེམ་བཟོ་དང་། འདོན་འཇུག་འཕྲུལ་འཁོར། རྐོ་འདྲུ་འཕྲུལ་འཁོར། ལྕགས་རྩིབས་བཟོ་པ། ཉི་ནུས་སྒྲིག་ཆས་ཉམས་གསོ། བོད་ཟས་མ་བྱན་སོགས་ཁྱབ་ཁོངས་ཁག་གཏོགས་ཡོད་ལ། ཞིང་འབྲོག་མང་ཚོགས་ཀྱིས་དབུལ་སྒྲོལ་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་པ་རེད།