འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅༎སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཐོ་སློབ་ཀྱི་སློབ་མ་གསར་པས་སློབ་གྲྭར་
ཞུགས་མ་ཐག་པའི་ཟླ་གཅིག་ནང་བདེ་ཐང་སློབ་གསོའི་གསོ་སྦྱོང་དང་ལེན་བྱེད་དགོས་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཚམས་སྦྱོར་རང་བཞིན་གྱི་འཕྲོད་བསྟེན་ལས་རིགས་ཀྱི་ཚད་གཞི《མཐོ་རིམ་སློབ་གྲྭ་དཀྱུས་མའི་འགོས་ནད་སྔོན་འགོག་དང་ཚོད་འཛིན་ཕྱོགས་སྟོན》ཡོངས་བསྒྲགས་བྱས་ནས་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཁྲིམས་གཏན་འཁེལ་བའི་འགོས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཁྱབ་ཁོངས་དང་། སྔོན་འགོག ཚོད་འཛིན་འགན་ལེན་སོགས་ཀྱི་བླང་བྱར་གཏན་འབེབས་བཟོས་ནས་མཐོ་སློབ་ཀྱི་སློབ་མ་གསར་པར་སློབ་གྲྭར་ཞུགས་མ་ཐག་པའི་ཟླ་གཅིག་ནང་བདེ་ཐང་སློབ་གསོའི་གསོ་སྦྱོང་ཚོགས་ཐུན་གཅིག་ལས་མི་ཉུང་བ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།
     ཕྱོགས་སྟོན་དེར་གཞིགས་ནས་མཐོ་སློབ་ཀྱིས་དུས་བཀག་ལྟར་སློབ་མ་དང་དགེ་རྒན་ལས་བཟོར་འགོས་ནད་སྔོན་འགོག་དང་ཚོད་འཛིན་ཤེས་བྱ་དང་རྩལ་ནུས་ཀྱི་བདེ་ཐང་སློབ་གསོ་རྒྱག་དགོས། སློབ་མ་གསར་པར་སློབ་གྲྭར་ཞུགས་མ་ཐག་པའི་ཟླ་གཅིག་ནང་བདེ་ཐང་སློབ་གསོའི་གསོ་སྦྱོང་ཚོགས་ཐུན་གཅིག་ལས་མི་ཉུང་བ་བྱེད་དགོས་པ་དང་། སློབ་གྲྭར་སྡོད་རིང་སྣ་མང་ཕུན་སུམ་ཚོགས་པའི་བདེ་ཐང་སློབ་གསོ་བརྒྱབ་ནས་སློབ་ལོ་རེར་ཚོགས་ཐུན་གཅིག་ལས་ཉུང་མི་རུང་། དེ་དང་ཆབས་ཅིག་མཐོ་སློབ་ཀྱིས་གཟུགས་པོའི་བརྟག་དཔྱད་ཀྱི་ལམ་ལུགས་དང་དགེ་སློབ་ཀྱི་བདེ་ཐང་ཡིག་ཚགས་བཟོས་ནས་སློབ་མར་སྔོན་ཁབ་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་དགོས། འགོས་ནད་དམ་ཡང་ན་འགོས་ནད་འདྲ་བའི་ནད་དཔེ་ཐོན་རིགས་ལ་མཐོ་སློབ་ཀྱིས་ས་གནས་དེ་གའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞིར་སྙན་སེང་ཞུ་དགོས་པ་མ་ཟད། འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱི་མཛུབ་ཁྲིད་འོག འགོས་ནད་སྔོན་འགོག་ཚོད་འཛིན་དང་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་དགོས།
     གཞན་ཡང་། སྟོན་ཕྱོགས་ནང་མཐོ་སློབ་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚད་གཞིའི་གཏན་འབེབས་ལ་གཞིགས་ནས་སློབ་མའི་བཟའ་བཏུང་བདེ་འཇགས་དང་ཁོར་ཡུག་འཕྲོད་བསྟེན་བདེ་འཇགས་ཡོང་བ་བྱེད་དགོས། རིམས་ནད་མཆེད་པའི་དུས་ཚིགས་སུ་སློབ་ཁང་དང་དཔེ་མཛོད་ཁང་སོགས་མི་མང་འདུ་འཛི་ཆེ་སར་རླུང་འགྲོ་ཐུབ་པ་དང་། སློབ་གྲྭའི་སྤྱི་པའི་སྒྲིག་བཀོད་དང་དེ་བཞིན་སྤྱི་པའི་སྣོད་ཆས་ཀྱི་གཙང་སྦྲ་དང་དུག་སེལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད།