འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅༎ཀྲུང་གོའི་འཁྲབ་སྟོན་པར་སྐབས་69པའི་པེར་ལིན་གློག་བརྙན་དུས་ཆེན་གྱི་དངུལ་དོམ་བྱ་དགའ་རག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ལིན་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་གསལ། པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་69པའི་བྱ་དགའ་ཁག་ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་གྱི་དགོང་མོ་འཇར་མན་གྱི་རྒྱལ་ས་པེར་ལིན་གློག་བརྙན་ཁང་དུ་སྤྲད་པ་རེད། ཀྲུང་གོའི་གློག་བརྙན《ནམ་འཚོའི་བར》གྱི་འཁྲབ་མི་གཙོ་བོ་གཉིས་ཀྱི་ཕུལ་བྱུང་གི་འཁྲབ་རྩལ་ལ་སྐྱེས་པ་དང་བུད་མེད་ཀྱི་འཁྲབ་རྩལ་ཡག་ཤོས་ཀྱི་དངུལ་དོམ་བྱ་དགའ་རག་པ་རེད།
     གློག་བརྙན《ནམ་འཚོའི་བར》ནི་ཀྲུང་གོའི་འཁྲབ་འཁྲིད་པ་ཝང་ཞའོ་ཧྲོའེ་ཡིས་འཁྲབ་ཁྲིད་པའི་འགན་ཁུར་ནས་ཁྱིམ་ཚང་གཉིས་དབར་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་པའི་དབང་གིས་རྒྱང་ཐག་རིང་དུ་སོང་ཞིང་། དེའི་ནང་གི་ཁྱིམ་ཚང་གཅིག་ལྷོ་རྒྱུད་དུ་སོང་བ་དང་ལོ་30སོང་རྗེས་སླར་ཡང་མཉམ་འཛོམས་བྱུང་བའི་སྐོར་གླེང་ཡོད། བྱ་དགའ་ཐོབ་པའི་ཀྲུང་གོའི་འཁྲབ་སྟོན་པ་ཝང་ཅིང་ཁྲུན་དང་ཡུང་མའེ་ཡིས་གློག་བརྙན་དེའི་ནང་བཟའ་ཚོ་འཁྲབ་ཡོད།
     པེར་ལིན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་69པ་ཚེས་7ཉིན་འགོ་ཚུགས་པ་རེད། ཧྥ་རན་སེའི་གྲགས་ཅན་གྱི་བུད་མེད་འཁྲབ་སྟོན་པ་འཇུ་ལི་ཡེ·པི་ནོ་ཧྲིས་འདི་ལོའི་དཔྱད་ཞིབ་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་ཡོད།
     པེར་ལིན་གྱི་གློག་བརྙན་དུས་ཆེན་དང་། ཧྥ་རན་སེའི་ཀ་ན་གློག་བརྙན་དུས་ཆེན། དབྱི་ཐ་ལིའི་ཝེ་ཉི་སི་གློག་བརྙན་དུས་ཆེན་བཅས་ནི་ཡོ་རོབ་ཀྱི་གློག་བརྙན་དུས་ཆེན་ཆེ་གྲས་གསུམ་རེད།