འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅༎ཁཱ་ས་པུ་ལན་ཁའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ར་པ་ཐེ་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཁཱ་ས་པུ་ལན་ཁའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་25པ་ཚེས་17ཉིན་མོ་རོ་ཁོའི་གྲོང་ཁྱེར་ཆེ་ཤོས་ཁཱ་ས་པུ་ལན་ཁར་མཇུག་འགྲིལ་བ་རེད།
     གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པ་གཞིར་བཟུང་། སྐབས་འདིའི་དཔེ་དེབ་འགྲེམས་སྟོན་གཉེར་ཡུན་ཉིན་11ཡིན་པ་དང་། འགྲེམས་སྟོན་ཐོག་རྒྱལ་ཁབ་དང་ས་ཁུལ་42ཀྱི་དཔེ་སྐྲུན་ཚོང་པ་720ལྷག་ཙམ་འགྲེམས་སྟོན་ལ་ཞུགས་པའི་ཡིད་དབང་བཀུག་ཅིང་། དཔེ་དེབ་རིགས་ཁྲི་12ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་རིང་གཙོ་གཉེར་ཕྱོགས་ཀྱིས་ངོ་འཕྲད་ཚོགས་འདུ་700ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་རྩོམ་པ་པོ་དང་། སྙན་ངག་པ། མཁས་དབང་བཅས་300ལྷག་ཙམ་གྱིས་ཀློག་པ་པོར་རྩོམ་རིག་དང་། སྒྱུ་རྩལ། རྩོམ་འབྲི་སོགས་ཐད་ཀྱི་ཁོང་ཚོའི་མཐོང་ཐོས་བཤད་པ་རེད།
     ཁཱ་ས་པུ་ལན་ཁའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནི་མོ་རོ་ཁོ་དང་དེ་བཞིན་བྱང་ཨ་ཧྥེ་རི་ཁའི་ས་ཁུལ་གྱི་ལོ་འཁོར་གྱི་རིག་གནས་སྟོན་ཚོགས་ཤིག་ཡིན་ལ་ཨ་རབ་ཀྱི་སྐད་ཡིག་དང་ཧྥ་རན་སེའི་སྐད་ཡིག་གི་ཀློག་དེབ་ཀྱི་འགྲེམས་ཚོགས་གལ་ཆེན་ཞིག་ཀྱང་ཡིན་པས་ལོ་ལྟར་སྐུ་མགྲོན་ཁྲི་བཅུ་གྲངས་ཀྱི་ཡིད་དབང་འགུགས་ཀྱི་ཡོད།