འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅།།ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་འགག་སྒོ་སྒྲོལ་བའི་དུས་ཚོད་ཐུང་དུ་གཏོང་ཚད་
50%ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2018ལོར་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ནང་འདྲེན་གྱི་སྤྱི་ཡོངས་ཀྱི་འགག་སྒོ་སྒྲོལ་བའི་དུས་ཚོད་ཆུ་ཚོད་33.89ཡིན་པ་དང་དུས་ཚོད་ཐུང་དུ་གཏོང་ཚད་56.23%ཟིན་པ་དང་། ཕྱིར་གཏོང་གི་སྤྱི་ཡོངས་ཀྱི་འགག་སྒོ་སྒྲོལ་བའི་དུས་ཚོད་ཆུ་ཚོད་3.89ཡིན་པ་དང་དུས་ཚོད་ཐུང་དུ་གཏོང་ཚད་65.95%ཟིན་ནས་ལོའི་ནང་དུས་ཚོད་གསུམ་ཆ་གཅིག་ཐུང་དུ་གཏོང་བའི་ལས་འགན་གྱི་དམིགས་ཚད་ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ་རེད།
     ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོའི་སྤྱི་ཁྱབ་ཧྲུའུ་ཡི་བཀོད་སྒྲིག་ལ་ནན་པོ་གཞིགས་ནས་འགག་སྒོ་ཞིབ་བཤེར་གྱི་ལྟ་འདོམས་ལག་ཁྱེར་རིགས་86ནས་རིགས་46བར་ཉུང་དུ་བཏང་བ་དང་། གསང་སྲུང་སོགས་ཀྱི་རེ་བ་ཡོད་པའི་ལག་ཁྱེར་རིགས་4ཕུད་དྲ་སྦྲེལ་ཞིབ་བཤེར་ཚང་མ་རྦད་དེ་མངོན་འགྱུར་ཐུབ་སྟེ། ནུས་ཤུགས་ཡོད་རྒུས་ཕྱིར་གཏོང་ནང་འདྲེན་གྱི་བརྒྱུད་རིམ་གྱི་ལུགས་མཐུན་མ་གནས་ཆུང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོན་བསྡུའི་དཀར་ཆག་གསལ་ཐོ་ཡོངས་བསྒྲགས་བྱེད་པ། བོད་ལྗོངས་འགག་སྒོའི་འགག་སྒོ་སྒྲོལ་བའི་སྟབས་བདེ་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་བཅས་བྱས་པས་ཚོང་གཉེར་ཁོར་ཡུག་རིམ་གྱིས་ལེགས་སུ་ཕྱིན་ཡོད།