འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅།།ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་བསྡོམས་དངུལ་བུན་སྒོར་དུང་ཕྱུར་སྟོང་ལྷག་བཏང་ནས་གྲོང་གསེབ་ཀྱི་
འཁོར་རྒྱུག་མ་ལག་འཛུཌ་སྐྲུན་ལ་རྒྱབ་སྐྱོར་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གསར་འགོད་པར་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། གྲོང་གསེབ་ཀྱི་འཁོར་རྒྱུག་མ་ལག་འཛུགས་པའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་བུན་གཏོང་ལས་སྒོ་གཉེར་ནས་ད་བར་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་1201བཏང་སྟེ་ཞིང་ལས་ཐོན་རྫས་འཁོར་རྒྱུག་གི་རྐང་འཛིན་དྲ་རྒྱ་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་དང་བཟའ་བཅའི་བདེ་འཇགས་འགན་ལེན་སོགས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། དངུལ་བུན་དེ་དག་གཙོ་བོ་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་དང་། ཞིང་ལས་ཐོན་རྫས་གྲང་ཕྲེང་ཟོག་འགྲེམས་དང་གྲང་མཛོད་འཛུགས་སྐྲུན། གྲོང་གསེབ་ཀྱི་ཟོག་འགྲེམས་མ་ལག་འཛུགས་སྐྲུན། གྲོང་གསེབ་ཀྱི་རྒྱུད་འབྲེལ་ཚོང་གཉེར་སྡེབ་སྐྱེལ། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁྲོམ་ར་དང་དེ་བཞིན་བཀར་འཇུག་ཟོག་འགྲེམས་འཛུགས་སྐྲུན། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་རྣམ་གྲངས་ཁག་786ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད། ན་ནིང་ནས་བཟུང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་ཚོང་དོན་པུའི་དབར་སྦྲེལ་མཐུད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གྲོང་གསེབ་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་ཐད་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་པར། 2018ལོར་དངུལ་བུན་སྒོར་དུང་ཕྱུར་240.49བཏང་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་121.03གྱིས་མང་བ་དང་འཕར་ཚད་101%ཟིན་ཡོད། 2018ལོའི་ལོ་མཇུག་བར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་454.35ཟིན་ཡོད།