འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་19ཉིན།

༄༅།།ཟླ་དང་པོར་རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་ཕྱི་དངུལ་སྤྱོད་ཚད་ལྡབ་འཕར་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་19ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། ཟླ་དང་པོར་རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་ཕྱི་དངུལ་སྤྱོད་ཚད་དུས་མཚུངས་ལས་བརྒྱ་ཆ་བརྒྱ་ལྷག་ཙམ་འཕར་ཡོད་པ་རེད། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀོའོ་ཧྥེང་གིས་འབྱུང་འགྱུར་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཐོན་ལས་དཀར་ཆག་བཟོ་བཅོས་བྱེད་པ་སོགས་ཀྱི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་བྱེད་ཐབས་དོན་འཁྱོལ་ལ་སྐུལ་ལྕག་བྱེད་པ་དང་བསྟུན་ནས་རང་རྒྱལ་ལ་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཡིད་དབང་འགུག་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།
     ཀོའོ་ཧྥེང་གིས་དེ་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འདི་ལོའི་ཟླ་དང་པོར་རྒྱལ་ཡོངས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་841.8ཟིན་པ་དེ་དུས་མཚུངས་ལས་4.8%འཕར་བ(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་124.1ཟིན་པ་དེ་དུས་མཚུངས་ལས་2.8%འཕར་བ་དང་། དེའི་ནང་དངུལ་ཁང་དང་། དངུལ་འཛིན། འགན་བཅོལ་བཅས་ཁྱབ་ཁོངས་ཀྱི་གྲངས་གཞི་ཚུད་མེད་པ)དང་། ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་4646གསར་དུ་བཙུགས་པ་དེ་དུས་མཚུངས་ལས་10.6%ཆག་ཡོད་པ་རེད།
     ཟླ་དང་པོར་ཕྱི་དངུལ་སྤྱོད་པའི་ནང་ལག་རྩལ་མཐོ་བའི་ཐོན་ལས་དང་ལྷག་པར་དུ་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་འཕར་ཚད་མངོན་གསལ་དོད་པོ་ཡོད་ཅིང་། ཚོང་དོན་པུའི་གྲངས་གཞི་གཞིར་བཟུང་། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་དུས་མཚུངས་ལས་40.9%འཕར་བ་དེས་29%བཟུང་ཡོད། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་157.7ཟིན་པ་དེ་དུས་མཚུངས་ལས་113.4%འཕར་ཡོད། དེའི་ནང་ཆ་འཕྲིན་ཞབས་ཞུ་དང་། གསར་སྤེལ་དང་ཇུས་འགོད་ཞབས་ཞུ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཞབས་ཞུ་བཅས་དུས་མཚུངས་ལས་168.6%དང་། 35.8% 62.9%བཅས་སོ་སོར་འཕར་ཡོད་པ་རེད།
     གཞན་ཡང་། མ་འཇོག་ཡོང་ཁུངས་གཙོ་བོ་འཕར་བའི་རྣམ་པ་ཡག་པོ་ཡོད་ཅིང་། ཤང་ཀང་ས་ཁུལ་དང་། སིང་ཀ་ཕོར། ཨ་རི། དབྱིན་ཇི། ཧོ་ལན་བཅས་ཀྱི་ཀྲུང་གོར་མ་འཇོག་བྱེད་ཚད་6.5%དང་། 5% 124.6% 13.7% 95.6%བཅས་སོ་སོར་འཕར་ཡོད་པ་རེད། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ཡོ་རོབ་མནའ་འབྲེལ་བཅས་ཀྱི་ཕྱི་དངུལ་དངོས་སུ་སྤྱོད་པའི་དངུལ་གྲངས་དུས་མཚུངས་ལས་10.1%དང་། 2.7% 22.5%བཅས་སོ་སོར་འཕར་ཡོད་པ་རེད།