འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་18ཉིན།

༄༅༎ཡུལ་ཤུལ་གྱིས་ནུས་ཤུགས་ཡོད་རྒུས་གངས་སྐྱོན་རྒོལ་འགོག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་18ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ཁ་བ་ཁྱབ་ཆེར་ཐེངས་མང་བབས་པས། ཁུལ་ཡོངས་ཀྱི་གྲོང་ཁྱེར་1དང་རྫོང་5རུ་གངས་སྐྱོན་བྱུང་བ་རེད། ད་ཆར་ས་གནས་དེ་གས་ནུས་ཤུགས་ཡོད་རྒུས་གནོད་རྐྱེན་འགོག་སེལ་བྱེད་བཞིན་ཡོད་ལ། གེགས་སེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
     ཡུལ་ཤུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་ནི་ད་ཐེངས་གངས་སྐྱོན་གྱི་གནོད་འཚེ་ཐེབས་ཁུལ་གཙོ་བོ་ཡིན་ལ། གྲོང་རྡལ་ཡོངས་ཀྱི་གྲོང་ཚོ་བདུན་གྱི་ནང་གི་གྲོང་ཚོ་བཞིའི་འགྲོ་ལམ་བཅད་པས། འབྲོག་པའི་དུད་ཚང་བཞི་བརྒྱ་ལྷག་ཙམ་རང་སར་བཀག་ཡོད་པ་རེད། འབྲེལ་ཡོད་སྡེ་ཁག་གིས་མི་སྣ་དང་འཕྲུལ་ཆས་སྒྲིག་འཛུགས་གང་མགྱོགས་བྱས་ནས་འགྲོ་ལམ་བཤངས་པ་རེད།
     ཁལ་འཁོར་གྱིས་སྔོན་དུ་དར་སེལ་ནས་ལམ་གཤགས་པ་དང་། གཟན་རྩྭ་སོགས་གེགས་སེལ་དངོས་རྫས་དབོར་སྐྱེལ་བྱེད་པའི་རླངས་འཁོར་རུ་ཁག་དེའི་རྗེས་སུ་དེད་ནས་དལ་བུར་མདུན་དུ་བསྐྱོད།
     གྲོང་གསེབ་དུ་འགྲོ་པའི་ལམ་བུ་ཤར་གཏོང་ཐུབ་པ་དང་བསྟུན་ནས། གཟན་རྩྭ་བདེ་བླག་ངང་གྲོང་ཚོར་དབོར་སྐྱེལ་བྱས།
     མིག་སྔར། ཞིང་ཆེན་དང་ཁུལ་གྱིས་གེགས་སེལ་མ་དངུལ་སྒོར་ཁྲི་1500བཀོད་སྒྲིག་ཟིན་པ་དང་།  གེགས་སེལ་འབྲུ་རིགས་ཏུན་ཁྲི་480ལྷག་ཙམ་སྤྲད་ཟིན་ལ། གཟན་རྩྭ་ཏུན་ཁྲི་2ལྷག་ཙམ་འདྲེན་གཏོང་བྱས་ཟིན། གྲོང་གསེབ་ཀྱི་གཞུང་ལམ་མང་ཆེ་བ་ཤར་གཏོང་ཐུབ་ཡོད་ལ། གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱི་གྲོང་ཚོ་ལ་བགྲོད་པའི་གཞུང་ལམ་ཁ་ཤས་ཤར་གཏོང་བཟོ་བཞིན་པའི་སྒང་ཡིན། མི་སྣ་ཤི་རྨས་དང་སྲོག་ཆགས་ཀྱི་འགོས་ནད་ཚབས་ཆེན་གྱི་དོན་རྐྱེན་བྱུང་མེད།