འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་18ཉིན།

༄༅།།“དབུལ་སྐྱོར་འཁོར་ཁང”གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“ཡོང་འབབ་གསོག་པ་དང་ཁྱིམ་ལ་
ལྟ་རྟོག་བྱ་རྒྱུ་གཉིས་ཀ་འཐུས་ཤོར་མི་ཐེབས་པ”བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་18ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     “དབུལ་སྐྱོར་འཁོར་ཁང”གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“ཡོང་འབབ་གསོག་པ་དང་ཁྱིམ་ལ་ལྟ་རྟོག་བྱ་རྒྱུ་གཉིས་ཀ་འཐུས་ཤོར་མི་ཐེབས་པ”བྱས་པ།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མི་དམངས་དྲ་བའི་ཐོག་གློག་འཕྲིན་སྤེལ་བར། 2016ལོ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་མི་འབོར་དབུལ་པོའི་བདེ་རྩར་ཐུག་པའི་དགོས་མཁོ་འགོ་འཛུགས་སར་བྱས་ཏེ། དབུལ་སྐྱོར་གྱི་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་པ་དང་ལས་ཞུགས་དབུལ་སྐྱོར་གྱི་འཁོར་ཁང་འདྲེན་རྟེན་དུ་བྱས་པའི་དབུལ་སྒྲོལ་དཔེ་དབྱིབས་བཏོད་དེ། ཡུལ་དེ་གའི་ངལ་རྩོལ་མང་འདུས་ཅན་དང་ལས་སྣོན་རྣམ་པའི་ཁེ་ལས་ཀྱིས་གྲོང་ཚོར“དབུལ་སྐྱོར་འཁོར་ཁང”འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་དབུལ་པོ་ཐག་ཉེ་སར་ལག་ཤེས་ལས་སྣོན་སོགས་ཀྱི་ལས་ཀ་བྱེད་དུ་བཅུག་ནས“ཡོང་འབབ་གསོག་པ་དང་ཁྱིམ་ལ་ལྟ་རྟོག་བྱ་རྒྱུ་གཉིས་ཀ་འཐུས་ཤོར་མི་ཐེབས་པ”བྱས་པས་མི་འབོར་དབུལ་པོ་ཁག་ཅིག་དབུལ་སྒྲོལ་ནུས་ལྡན་ཐུབ་པ་རེད།
     མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་ཀྲུང་ལུགས་དང་བོད་སྨན་གྱི་སྨན་རྒྱུ་ལས་སྣོན་དང་། ཞིང་ཕྱུགས་ཐོན་ཟོག་ལས་སྣོན་ཟབ་མོ། སྲིང་བལ་འཁེལ་འཐག་ཐོན་སྐྱེད། སྐྱེ་ལྡན་ལུད་ལས་སྣོན། མཛོད་ཉར་སོགས་གཙོ་བོར་བྱས་པའི་དབུལ་སྐྱོར་འཁོར་ཁང་33བསྐྲུན་ནས་མི་1155ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པའི་ནང་ངལ་རྩོལ་ནུས་ཤུགས་དབུལ་པོ་482བསྡུས་པ་དེས་41.7%བཟུང་བ་དང་མི་རེའི་ཆ་སྙོམས་ཟླ་རེའི་ཡོང་འབབ་སྒོར་2300ཡན་ཟིན་གྱི་ཡོད།
      2018ལོར་ཟི་ལིང་གྲོང་ཁྱེར་གྱིས་དབུལ་སྐྱོར་འཁོར་ཁང་གསར་སྤེལ་དང་། རོགས་སྐྱོར། རྗེས་མཐུད་དོ་དམ་བཅས་ཐད་སྔར་བས་ཞིབ་འཇུག་དང་། དབྱེ་ཞིབ། བཀོད་སྒྲིག་བཅས་བྱས་ཏེ་དབུལ་སྐྱོར་འཁོར་ཁང་གི་འཁོར་རྒྱུག་དཔེ་དབྱིབས་ཚད་ལྡན་དུ་བཏང་བ་དང་དཔེ་མཚོན་དཔེ་སྟོན་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་སྲིད་ཇུས་ཀྱི་བླང་བྱ་དང་མཐུན་པ་མ་ཟད་དབུལ་སྐྱོར་སྐུལ་ཁྲིད་ཀྱི་ཕན་ནུས་དེ་བས་ཡག་པ་འདོན་སྤེལ་བྱེད་ཐུབ་པ་རེད།
      “དབུལ་སྐྱོར་འཁོར་ཁང”གིས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་སྔོག་འདོན་གང་ལེགས་བྱས་ཏེ་ཐོན་ཁུངས་བསྡུ་སྒྲིལ་བརྒྱུད་སྣེ་འདྲེན་ཁེ་ལས་དང་། ཞིང་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན། ཕྱུག་འགྱུར་འཇོན་ཐང་ཅན་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་འདིའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་། སྣོད་བཅུད་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་། ལས་ཞུགས་ཚད་གཞི་དམའ་བ། ཁྲོམ་རའི་མདུན་ལམ་ཡག་པ། འཕེལ་རྒྱས་རྒྱུན་སྲིང་ཐུབ་པ། འབབ་འཕར་སྐུལ་ཁྲིད་ཀྱི་ཕན་འབྲས་བཟང་བ་བཅས་ཀྱི་ཁྱད་ལྡན་ཐོན་ལས་དབུལ་སྐྱོར་འཁོར་ཁང་ཁག་གཅིག་བསྐྲུན་པ་རེད། ཡུལ་དེའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཞིང་ཕྱུགས་ཐོན་ཟོག་ལས་སྣོན་དང་མི་རིགས་བཟོ་རྩལ་ཐོན་ཟོག་ལས་སྣོན་སོགས་གཙོ་བོར་བྱས་པའི་དབུལ་སྐྱོར་ཐོན་ལས་ཀྱི་འཁོར་ཁང་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རྫོང་གསུམ་ལ་ལག་བསྟར་བྱེད་པའི་དབུལ་སྐྱོར་ཐོན་ལས་གླིང་དང་གྲོང་གསེབ་ཀྱི་ཡུལ་སྐོར་དབུལ་སྐྱོར་གྱི་རྣམ་གྲངས་ཕྱོགས་སྒྱུར་དང་སྒྱུར་བཀོད་བྱ་རྒྱུར་བསྔགས་སྐུལ་བྱས་ཏེ། དབུལ་སྐྱོར་སྐུལ་ཁྲིད་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་དགོས། ཡུལ་དེའི་ཁྱད་ལྡན་ཐོན་ལས་ལ་གཞི་ཚུགས་ནས་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་ས་ཞིང་བོགས་དངུལ་དམའ་བ་དང་། ས་ཁྱོན་ཆེ་བ། ངལ་ནུས་མ་གནས་དམའ་བ། ངལ་རྩོལ་ནུས་ཤུགས་ལྷག་མ་འདང་ངེས་ཡོད་པ་བཅས་ཀྱི་ཁྱད་ཆོས་ལ་གང་ལེགས་བརྟེན་ནས་ཁེ་ལས་དང་རིགས་ཁག་གི་གཉེར་སྐྱོང་རྩ་འཛུགས་ཀྱིས་གྲོང་གསེབ་ཏུ་ཐོན་ལས་ཀྱི་འཁོར་སྦྲེལ་སྣུར་སྲིང་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་དང་། རྩལ་ནུས་བླང་བྱ་དམའ་བའི་སྟབས་བདེའི་ལས་རིམ་ཁ་ཤས་གྲོང་གསེབ་ཏུ་འཇོག་པ་དང་ཕྱི་ཕྱོགས་སུ་གླ་པར་འགྲོ་བར་སྟབས་བདེ་པོ་མེད་པའི་མི་འབོར་དབུལ་པོ་སྒྲིག་འཛུགས་ཀྱིས་ཞིང་དལ་དུས་ཚོད་སྤྱད་དེ་ལས་ཞུགས་དབུལ་སྐྱོར་འཁོར་ཁང་དུ་ཐོན་སྐྱེད་ལས་སྣོན་བྱེད་པར་གཏོང་བ་དང་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་བར་སྣུར་སྲིང་གི་འཕེལ་རྒྱས་བཏང་ཡོད། དེ་དང་ཆབས་ཅིག་གཟིགས་སྐྱོང་སྲིད་ཇུས་བཟོ་བ་བརྒྱུད་རིགས་ཁག་གི་གཉེར་སྐྱོང་རྩ་འཛུགས་གིས་ཤང་གྲོང་དང་། གྲོང་ཚོ། སྡེ་ཁུལ་བཅས་སུ་མ་རྩ་བཏང་ནས་བཟོ་གྲྭ་བསྐྲུན་རྒྱུར་ཚུར་འགུག་བྱས་པ་དང་འབྲེལ། རིགས་ཁག་གི་དབུལ་སྐྱོར་མ་དངུལ་བསྡུ་སྒྲིལ་བྱས་ཏེ་མ་རྐང་ནང་ཞུགས་པའི་རྣམ་པ་བརྒྱུད་ཁེ་ལས་ཀྱི་མ་དངུལ་མཉམ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་ཁེ་ལས་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཐོག་ཕན་འབྲས་སྔ་ཙམ་འདོན་སྤེལ་བྱེད་པར་བརྟེན་ནས་ངལ་རྩོལ་ནུས་ཤུགས་དབུལ་པོ་གྲོང་ཁྱེར་དུ་གླ་པར་འགྲོ་བར་སྟབས་བདེ་མེད་པའི་གནད་དོན་ཐག་གཅོད་བྱས་ཤིང་། ཐག་ཉེ་ས་དང་ཡུལ་དེ་གར་ལས་ཞུཌ་ཐུབ་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི《མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་འཁོར་ཁང་གིས་ལག་བསྟར་བྱེད་པའི་མཛུབ་ཁྲིད་བསམ་འཆར》ལྟར་ཟི་ལིང་གྲོང་ཁྱེར་གྱིས་རྫོང་གསུམ་གྱི་དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་ལ་ལྕག་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་གྱི་ཇུས་གཞི་ནན་ཏན་བཏིང་བ་དང་དབུལ་སྐྱོར་འཁོར་ཁང་འཕེལ་རྒྱས་གཏོང་བའི་འཆར་གཞི་དང་། ཁྱབ་ཁོངས། ཆ་རྐྱེན། རེ་ཞུའི་དཔྱད་གཞི། ཁ་གསབ་ཚད་གཞི་དང་མ་དངུལ་གཏོང་སྤྲོད་བཅས་ཕྱོགས་བཞིའི་ཐད་ཚད་ལྡན་དང་ཞིབ་ཚགས་སུ་བཏང་ནས། ཁེ་ལས་དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་བྱེད་རྒྱུར་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་པ་དང་དབུལ་སྐྱོར་འཁོར་ཁང་གྲོང་ཚོར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ཏེ། དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་མགྱོགས་སུ་བཏང་ཐོག་མང་ཚོགས་དབུལ་པོ་དེ་བས་མང་བ་ཐག་ཉེ་ས་དང་ཡུལ་དེ་གར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་བརྟན་པོ་ཡོང་བ་བྱས་པ་རེད།