འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎ཞི་ཅིན་ཕིང་གིས་ཨ་རིའི་ཚོང་དོན་སྐུ་ཚབ་ལའེ་ཐེ་ཤིས་ཙེ་དང་ནོར་སྲིད་པུའི་པུའུ་ཀྲང་མུ་ནུ་ཆིན་ལ་
མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་2ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རེས་སྐོར་གསར་པའི་ཀྲུང་ཨའི་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་གནང་བར་ཕེབས་པའི་ཨ་རིའི་ཚོང་དོན་སྐུ་ཚབ་ལའེ་ཐེ་ཤིས་ཙེ་དང་ནོར་སྲིད་པུའི་པུའུ་ཀྲང་མུ་ནུ་ཆིན་ལ་མཇལ་འཕྲད་གནང་བ།
ཟླ་2ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རེས་སྐོར་གསར་པའི་ཀྲུང་ཨའི་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་གནང་བར་ཕེབས་པའི་ཨ་རིའི་ཚོང་དོན་སྐུ་ཚབ་ལའེ་ཐེ་ཤིས་ཙེ་དང་ནོར་སྲིད་པུའི་པུའུ་ཀྲང་མུ་ནུ་ཆིན་ལ་མཇལ་འཕྲད་གནང་བ།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རེས་སྐོར་གསར་པའི་ཀྲུང་ཨའི་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་གནང་བར་ཕེབས་པའི་ཨ་རིའི་ཚོང་དོན་སྐུ་ཚབ་ལའེ་ཐེ་ཤིས་ཙེ་དང་ནོར་སྲིད་པུའི་པུའུ་ཀྲང་མུ་ནུ་ཆིན་ལ་མཇལ་འཕྲད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བ་ནི་དེང་གི་འཛམ་གླིང་དུ་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བའི་གྲས་ཤིག་རེད། རྒྱལ་ཁབ་གཉིས་པོར་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ཏུ་ཡོད་ལ་རྒྱལ་ཁབ་གཉིས་པོས་འགན་འཁྲི་གལ་ཆེན་ཡང་འཁུར་བཞིན་ཡོད། ཀྲུང་ཨའི་འབྲེལ་བ་མུ་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རེ་སྒུག་བྱེད་པ་ཞིག་ཀྱང་རེད། ན་ནིང་གི་ཟླ་བ་བཅུ་གཉིས་པར་ང་དང་ཙུང་ཐུང་ཐེ་རོན་ཕུ་གཉིས་ཨ་ཀེན་ཐིན་དུ་མཇལ་འཛོམས་བྱུང་བའི་རིང་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ང་ཚོ་རྒྱལ་ཁབ་གཉིས་ཀྱིས་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་དགོངས་གཞིར་བྱས་པའི་ཀྲུང་ཨའི་འབྲེལ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།          སླད་ཕྱིན་ཕྱོགས་གཉིས་པོའི་ཚོགས་པས་ང་དང་ཙུང་ཐུང་ཐེ་རོན་ཕུ་གཉིས་ཀྱིས་ཐུན་མོང་ཐོག་གཏན་ལ་ཕབ་པའི་རྩ་དོན་དང་ཁ་ཕྱོགས་གཞིར་བཟུང་། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་ལ་དམ་པོར་དམིགས་པ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱེད་པ་བཅས་ལ་བརྟེན་ནས་ཀྲུང་ཨའི་དཔལ་འབྱོར་མཉམ་ལས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་ན་ནིང་གི་ཟླ་བ་བཅུ་གཉིས་པ་ཚུན་དུ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པས་ཕན་ཐོགས་ཆེ་བའི་གྲོས་མོལ་ཐེངས་མང་བྱས་ཡོད། ངས་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་ཆ་མཚོན་ན། སུ་མེད་ནའང་འགྲིག་ཐབས་མེད། མཐུན་ན་གཉིས་ཀར་ཕན་པ་དང་འཐབ་ན་གཉིས་ཀར་གནོད་པ་ཡོད། མཉམ་ལས་ནི་གདམ་ག་ཡག་ཤོས་དེ་རེད་ཅེས་ཐེངས་མང་བཤད་པ་ཡིན། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འགལ་བ་དང་གདོང་གཏུག་གི་གནད་དོན་ང་ཚོས་མཉམ་ལས་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱས་ཏེ་ཕྱོགས་གཉིས་པོས་དང་ལེན་ཐུབ་པའི་གྲོས་མཐུན་འཇོག་པར་སྐུལ་འདེད་གཏོང་འདོད་ཡོད། མཉམ་ལས་ནི་རྩ་དོན་ཡིན་པ་སྨོས་ཅི་དགོས། དེ་རིང་ཁ་ས་འཛམ་གླིང་གིས་ལྟ་ས་ནི་པེ་ཅིང་རེད། ཕྱོགས་གཉིས་པོའི་ཚོགས་པའི་གྲོས་མོལ་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་གལ་ཆེན་སླར་ཡང་བྱུང་ཡོད། གཟའ་འཁོར་རྗེས་མར་ཕྱོགས་གཉིས་པོས་ད་དུང་ཝ་ཧྲིང་ཐོན་དུ་ཐུག་འཕྲད་བྱ་རྒྱུ་རེད། སྐབས་དེར་ཁྱེད་ཚོས་ཡང་འབད་བསྐྱར་འབད་ཀྱིས་གཉིས་ཁེ་གཉིས་ཕན་གྱི་གྲོས་མཐུན་ཞིག་འཇོག་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས།
         ལའེ་ཐེ་ཤིས་ཙེ་དང་མུ་ནུ་ཆིན་གྱིས་ཙུང་ཐུང་ཐེ་རོན་ཕུས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་ཞུས་ཤིང་། ཁོང་གཉིས་ཀྱིས་ཀྲུང་ཨའི་ཚོང་དོན་འབྲེལ་བ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། ཙུང་ཐུང་ཐེ་རོན་ཕུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་རྣམ་གཉིས་ཨ་ཀེན་ཐིན་དུ་མཇལ་འཛོམས་བྱུང་རྗེས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ལ་བྱུང་བའི་ཐུན་མོང་གི་ངོས་འཛིན་དུས་ཚོད་དམ་འཛིན་གྱིས་དོན་འཁྱོལ་བྱེད་བཞིན་ཡོད། དེ་གོང་གྲོས་མོལ་བྱུང་བའི་རྨང་གཞིའི་ཐོག་འདས་ཟིན་པའི་ཉིན་གཉིས་ནང་ཕྱོགས་གཉིས་ཀས་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་བརྒྱུད། གལ་ཆེ་ལ་དཀའ་ངལ་ཆེ་བའི་གནད་དོན་ཐད་འཕེལ་རྒྱས་གསར་པ་བྱུང་སོང་། མ་གཞི་ལས་དོན་མང་པོ་ཞིག་ད་དུང་སྒྲུབ་དགོས་ཀྱི་ཡོད་རུང་ང་ཚོས་སྔར་བཞིན་རེ་བ་འཆང་གི་ཡོད། དུས་མཚམས་རྗེས་མར། ཨ་རི་ཕྱོགས་ཀྱི་ཚོགས་པས་ཀྲུང་གོ་ཕྱོགས་ཀྱི་ཚོགས་པ་དང་མཉམ་དུ་འབྲེལ་གཏུག་དམ་ཟབ་དང་ལས་དོན་ལ་དམ་འཛིན་བྱས་ནས་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་པའི་གྲོས་མཐུན་འཇོག་ཐུབ་པའི་བརྩོན་ལེན་བྱེད་འདོད་ཡོད། ཙུང་ཐུང་ཐེ་རོན་ཕུས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩི་འཇོག་ཆེན་པོ་གནང་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་ཡོང་བའི་རེ་བ་གནང་གི་འདུག་ཅེས་གསུངས།