འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དར་ཡུལ”175ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར《2018ལོ་ནས་2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དར་ཡུལ”གྱི་མིང་འདོགས་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ“བརྡ་ཐོ”ཞེས་བསྡུ་རྒྱུ)བཀྲམ་སྟེ། 2018ལོ་ནས་2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དར་ཡུལ”གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། པེ་ཅིང་གྲོང་ཁྱེར་ཏཱ་ཤིང་ཆུས་ཡུས་ཧྥ་གྲོང་རྡལ་སོགས་རྫོང(རྫོང་རིམ་པའི་གྲོང་ཁྱེར་དང་ཆུས)དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)175བདམས་ཐོན་བྱུང་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་དང་ཡུལ་སྐོར་པུས་2018ལོར་2018ལོ་ནས་2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དར་ཡུལ”གྱི་ཞིབ་དཔྱད་མིང་འདོགས་ལས་དོན་སྤེལ་བ་རེད། 《“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དར་ཡུལ”གྱི་མིང་འདོགས་པ་དང་དོ་དམ་བྱ་ཐབས》དང་ཞིབ་དཔྱད་མིང་འདོགས་ལས་དོན་གྱི་ཇུས་གཞི་གཞིར་བཟུང་། ཞིབ་དཔྱད་དང་ཡོངས་བསྒྲགས་བྱས་པ་བརྒྱུད་ཁག་ཐེངས་གསར་པའི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དར་ཡུལ”གྱི་མིང་དངོས་སུ་བཏགས་པ་རེད།
     བརྡ་ཐོའི་ནང“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དར་ཡུལ”ཞིབ་དཔྱད་མིང་འདོགས་ཀྱི་ལས་དོན་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། དམངས་ཁྲོད་རིག་གནས་སྒྱུ་རྩལ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་རེད་ཅེས་བསྟན་ཡོད།
     བརྡ་ཐོའི་ནང་རིམ་ཁག་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཚན་དང་འབྲེལ་ཡོད་ས་གནས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་ལས་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དར་ཡུལ”གྱི་རྗེས་མཐུད་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། “ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དར་ཡུལ”གྱི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྒྱུད་རིམ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། མང་ཚོགས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།