འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎སློབ་གསོ་པུས་སྒྲིག་ཁོངས་ཀྱི་མི་གྲངས་བཀོད་སྒྲིག་བྱེད་སྟངས་གསར་གཏོད་བྱས་ཏེ་སློབ་གྲྭ་འབྲིང་ཆུང་དང་བུ་
བཅོལ་ཁང་དགེ་རྒན་གྱི་སྤྱི་འབོར་མི་འདང་བའི་དཀའ་གནད་ཐག་གཅོད་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་17ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དགེ་རྒན་གྱི་སྤྱི་འབོར་མི་འདང་བ་དང་གྲུབ་ཆའི་རང་བཞིན་གྱི་སྒྲིག་ཁོངས་ཀྱི་མི་གྲངས་དཀོན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་སི་ཀྲང་རེན་ཡིའུ་ཆུན་གྱིས། སློབ་གསོ་པུས་བྱ་གཞག་གི་སྒྲིག་ཁོངས་ཀྱི་མི་གྲངས་ལྷག་གྲངས་ཕན་སྒྱུར་ཧུར་ཐག་བྱས་ནས་སློབ་གསོའི་བྱ་གཞག་གོང་འཕེལ་གྱི་དགོས་མཁོ་སྔོན་ལ་འགན་ལེན་བྱེད་པ་དང་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་དགེ་རྒན་གྱི་སྤྱི་འབོར་མང་དུ་གཏོང་གི་ཡིན། དེ་དང་ཆབས་ཅིག སྤྱི་འདོམས་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་རྒན་གྱི་དགོས་མཁོ་གཞིར་བཟུང་ལུགས་མཐུན་སྐོར་སྐྱོད་ལ་སྐུལ་འདེད་གཏོང་གི་ཡིན། 2019ལོར། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་ལས་བཟོའི་སྒྲིག་ཁོངས་འགན་ལེན་སྔར་བས་སྔོག་འདོན་གསར་གཏོད་དང་ཤུགས་སྣོན་གྱི་བསམ་འཆར་ཞིབ་འཇུག་དང་གཏན་འབེབས་བྱེད་རྒྱུ་རེད་ཅེས་བརྗོད།
     རེན་ཡིའུ་ཆུན་གྱིས་མིག་སྔར། ས་གནས་ཁག་གིས་གནད་དོན་འདི་ཐག་གཅོད་བྱེད་པའི་ཐད་ཕན་འབྲས་ལྡན་པའི་འཚོལ་ཞིབ་བྱས་ཡོད། 2019ལོར། སློབ་གསོ་པུས་སྒྲིག་གཞིའི་ཕྱི་ནང་གི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ས་གནས་ཁག་གིས་བྱ་གཞག་སྒྲིག་ཁོངས་ཀྱི་མི་གྲངས་ལྷག་གྲངས་ཀྱི་ཕན་སྒྱུར་ལ་སྐུལ་འདེད་བཏང་ནས་དགེ་རྒན་གྱི་དཔུང་ཁག་ལ་གཟིགས་སྐྱོང་བྱེད་ཀྱི་ཡིན། ས་གནས་ཁག་གིས་སྒྲིག་ཁོངས་སྤྱི་འདོམས་དང་ལས་རིགས་དང་། སྡེ་ཚན། ས་ཁོངས་བཅས་ལས་བསྒྲལ་ནས་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་གཞག་གི་སྒྲིག་ཁོངས་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཉམས་མྱོང་དང་བྱ་ཐབས་ལ་དཔེ་ལྟ་བ། བེད་མེད་དུ་བཞག་པའི་སྒྲིག་ཁོངས་སྤྱོད་པ་བཅས་བྱས་ནས་སྒྲིག་ཁོངས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད།
     2018ལོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བའི་བསམ་འཆར་བཀྲམ་ནས། མིག་སྔར། འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་མངོན་གསལ་དོད་པོ་ཇི་ལྟར་སེལ་བ་དང་། བྱང་ཚང་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད་རྩེ་རིམ་ཇུས་འགོད་བྱས་པ་དང་བླང་བྱ་ཁ་གསལ་བཏོན་ཡོད།
     ཚེས་15ཉིན། སློབ་གསོ་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རེན་ཡིའུ་ཆུན་གྱིས་བསམ་འཆར་ཡོངས་བསྒྲགས་བྱས་ནས་ལོ་གཅིག་སོང་རིང་རྒྱལ་ཡོངས་ས་གནས་ཁག་གིས་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་དང་གོམ་སྟབས་རྗེས་མའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཀྱི་བསམ་ཕྱོགས་ངོ་སྤྲོད་བྱས་པ་རེད།
     རེན་ཡིའུ་ཆུན་གྱིས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། 2019ལོར་རྩེ་རིམ་ཇུས་འགོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དུས་རབས་གསར་པར་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་བསམ་འཆར་འདོན་གྱི་ཡིན། ས་གནས་ཁག་དང་སློབ་གྲྭ་ཁག་གིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཚད་གཞི་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་ལམ་ལུགས་བྱ་ཐབས་ཞིབ་ཕྲ་བཟོས་ནས་ཚད་གཞིའི་བླང་བྱ་དེ་དགེ་རྒན་གྱི་བྱ་སྤྱོད་ཕྱོགས་སྟོན་དང་གཏན་འགོག་མཐའ་ཚད་ལ་སྒྱུར་དགོས། དགེ་རྒན་གྱི་སློབ་གསོ་དར་རྒྱས་གཏོང་བའི་ཐད། རྒྱལ་ཁབ་ཀྱི་དགེ་འོས་སློབ་གསོའི་རྟེན་གཞི་དང་དགེ་རྒན་གྱི་སློབ་གསོའི་སྒྱུར་བཅོས་ཚོད་ལྟའི་ཁུལ་སྐྲུན་འགོ་བཙུགས་ནས་ས་གནས་ཁག་གིས་དགེ་འོས་ཆེད་ལས་སློབ་མ་རེའི་ཆ་སྙོམས་དངུལ་སྤྲོད་ཀྱི་ཚད་གཞི་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་ཆེད་ལས་ཁས་ལེན་ལ་སྐུལ་འདེད་བཏང་ནས་འབྲིང་རིམ་ལས་རིགས་སློབ་གྲྭ་དང་དམིགས་བསལ་དགེ་འོས་རིགས་ཀྱི་ཆེད་ལས་ཁས་ལེན་གྱི་ཚད་གཞི་འདོན་དགོས་ཞེས་བརྗོད།
     རེན་ཡིའུ་ཆུན་གྱིས་2019ལོར་ད་དུང་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་གླ་ཕོགས་ཕུགས་ཕན་མཉམ་འགུལ་ལམ་སྲོལ་བཙུགས་ནས་རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་སྲིད་ཇུས་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། གོ་མིང་ལམ་ལུགས་སྒྱུར་བཅོས་ཐད། སློབ་གྲྭ་འབྲིང་ཆུང་དང་། འབྲིང་རིམ་ལས་རིགས་སློབ་གྲྭ མཐོ་སློབ་ཀྱི་ལས་གནས་བཀོད་སྒྲིག་བཅས་ཀྱི་མཛུབ་ཁྲིད་བསམ་འཆར་ལ་ཞིབ་འཇུག་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་མཐོ་རིམ་གོ་མིང་གི་མིང་གྲངས་ཚོད་འཛིན་བྱ་ཐབས་ལ་འགྱུར་ལྡོག་གཏོང་བ་སོགས་བྱ་རྒྱུ་རེད། གཞན་ཡང་། ད་དུང་སློབ་གསོ་པུས་གྲོང་གསེབ་དང་ས་ཁུལ་དབུལ་པོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཙོ་གནད་གཟིགས་སྐྱོང་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།