འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎སྡེ་ཚན་གསུམ་གྱིས་ལྗང་མདོག་གྲངས་གཞིའི་ལྟེ་གནས་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་
འཆར་བཏོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། བཟོ་འཕྲིན་པུའུ་དང་། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས། རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་སྡེ་ཚན་གསུམ་གྱིས་ཉིན་ཤས་གོང《ལྗང་མདོག་གྲངས་གཞིའི་ལྟེ་གནས་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཏོན་ཞིང་《བསམ་འཆར》ནང་2022ལོར་སླེབས་སྐབས་གྲངས་གཞིའི་ལྟེ་གནས་ཀྱི་ཆ་སྙོམས་ནུས་རྒྱུ་ཟད་གྲོན་རྩ་བའི་ཆ་ནས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བྱ་རྒྱུ་དང་། ཆེ་གྲས་དང་ཆེས་ཆེ་གྲས་ཀྱི་གྲངས་གཞིའི་ལྟེ་གནས་གསར་སྐྲུན་བྱས་ཏེ་གློག་ནུས་སྤྱོད་པའི་ནུས་འབྲས་ཚད་1.4མན་ལ་སླེབས་པ་བྱ་རྒྱུ། ནུས་རྒྱུ་ཟད་གྲོན་ཆེ་བའི་སྒྲིག་ཆས་རྙིང་པ་རྩ་བའི་ཆ་ནས་མེད་པ་བཟོ་རྒྱུ། ཆུའི་ཐོན་ཁུངས་སྤྱོད་ཚད་དང་ནུས་རྒྱུ་གཙང་མ་སྤྱོད་པའི་བསྡུར་ཚད་ཆེས་ཆེར་མཐོ་རུ་གཏོང་རྒྱུ། གློག་ཆས་གློག་རྡུལ་གྱི་ཐོན་རྫས་རྙིང་པ་ནུས་ལྡན་ངང་ཚུར་བསྡུ་བེད་སྤྱོད་གཏོང་རྒྱུ་བཅས་ཡིན་ལུགས་བསྟན་ཡོད།
     《བསམ་འཆར》ནང་ལྗང་མདོག་གྲངས་གཞི་ལྟེ་གནས་ཀྱི་ཚད་གཞིའི་གདེང་འཇོག་མ་ལག་དང་ནུས་རྒྱུ་ཐོན་ཁུངས་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་གྲངས་གཞི་ལྟེ་གནས་ཀྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་གཏོད་དེ་གསར་གཏོད་རང་བཞིན་ལྡན་པའི་ལྗང་མདོག་ལག་རྩལ་ཐོན་རྫས་དང་ཐག་གཅོད་ཇུས་གཞི་ཁག་གཅིག་གྲུབ་ནས་ཆེད་ལས་ཀྱི་ཕྱོགས་གསུམ་པའི་ལྗང་མདོག་ཞབས་ཞུའི་སྒྲིག་གཞི་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
     《བསམ་འཆར》གཞིར་བཟུང་། གསར་དུ་བསྐྲུན་པའི་གྲངས་གཞི་ལྟེ་གནས་ཐད་ལྗང་མདོག་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ལྗང་མདོག་ལས་སྐྲུན་དང་ཉོ་སྒྲུབ་བྱེད་ཟབ་ཏུ་བཏང་ནས་གང་ཐུབ་ཅི་ཐུབ་ཀྱིས་ནུས་རྒྱུའི་ཐོན་ཁུངས་གྲོན་ཆུང་བྱ་རྒྱུ་དང་། ད་ཡོད་ཀྱི་གྲངས་གཞི་ལྟེ་གནས་ཐད་ལྗང་མདོག་འཁོར་སྐྱོད་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་གོ་རིམ་ལྡན་པའི་སྒོ་ནས་ནུས་རྒྱུ་གྲོན་ཆུང་དང་ལྗང་མདོག་ཅན་གྱི་སྒྱུར་བཀོད་འདུ་འགོད་དང་ལྷག་པར་དུ་ནུས་རྒྱུའི་ཐོན་ཁུངས་སྤྱོད་ཚད་ཅུང་དམའ་བ་དང་སྤྱོད་བཞིན་པའི་གྲངས་གཞིའི་ལྟེ་གནས་རྙིང་པར་སྐུལ་འདེད་གཏོང་རྒྱུ་རེད།