འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎གྲོང་ཚོའི་སློབ་ཆུང་སློབ་མ་ནས་གྲོང་ཚོའི་སློབ་ཆུང་གི་དགེ་རྒན་བར།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་རིས་ནི་བཀྲ་ཤིས་ཆོས་འཕེལ(དཀྱིལ)དང་ཐུབ་བསྟན་རྒྱ་མཚོ(གཡས)དང་སློབ་མ་ཚོ་ཡིན་པ།
པར་རིས་ནི་བཀྲ་ཤིས་ཆོས་འཕེལ(དཀྱིལ)དང་ཐུབ་བསྟན་རྒྱ་མཚོ(གཡས)དང་སློབ་མ་ཚོ་ཡིན་པ།
     སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སྡེ་རོང་རྫོང་ཞོལ་ལུང་ཤང་སྨན་སྟེང་གྲོང་ཚོའི་སློབ་ཆུང་ནི་སི་ཁྲོན་དང་ཡུན་ནན་ས་མཚམས་ཀྱི་ས་བབ་མཐོ་ཚད་སྨི་2600ཟིན་པའི་རི་ཁུལ་དུ་གནས་ཤིང་། 1960ལོར་སློབ་གྲྭ་བཙུགས་པ་ནས་ད་བར། གྲོང་ཚོའི་ཕྲུ་གུ་ཚོའི་རྨོངས་པ་སེལ་སའི་གནས་ཤིག་ཡིན་པ་རེད། བཀྲ་ཤིས་ཆོས་འཕེལ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྨན་སྟེང་བ་ཞིག་ཡིན་པ་དང་། འདི་གར་དགེ་རྒན་བྱས་ནས་ལོ་24ཙམ་སོང་ཞིང་། ཁོང་གི་སློབ་མ་ཐུབ་བསྟན་རྒྱ་མཚོ་ལོ་8ཀྱི་གོང་སྨན་སྟེང་གྲོང་ཚོར་ལོག་པ་དང་དེ་སྔོན་གྲོང་ཚོའི་སློབ་ཆུང་སློབ་མ་ནས་ད་ལྟ་དགེ་རྒན་དུ་གྱུར། ལོ་20ལྷག་ཙམ་རིང་། དུད་ཚང་43ལས་མེད་པའི་ལུང་ཁུག་གི་གྲོང་ཚོ་ཆུང་ཆུང་དེ་ནས་སློབ་ཆེན་སློབ་མ་26ཐོན་པ་དང་། དགེ་རྒན་གྱིས་ཤེས་བྱ་བུམ་པ་གང་བྱོའི་ཚུལ་གྱིས་ན་གཞོན་མི་རབས་མང་པོ་རི་ཁུག་ནས་ཕྱིར་བསྐྱོད་ཐུབ་པ་བྱས་ཡོད།
པར་རིས་ནི་ཐུབ་བསྟན་རྒྱ་མཚོས་ཕྲུ་གུ་ཚོ་དང་རྩེད་མོ་རྩེ་བཞིན་པ།
པར་རིས་ནི་ཐུབ་བསྟན་རྒྱ་མཚོས་ཕྲུ་གུ་ཚོ་དང་རྩེད་མོ་རྩེ་བཞིན་པ།