འཚོལ་བཤེར།   
藏文频道
2019ལོའི་ཟླ་2ཚེས་17ཉིན།

༄༅༎གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་པས་གཙོ་གནད་སྲུང་སྐྱོང་གི་
སྐྱེ་དངོས་རིགས་33ཤེས་རྟོགས་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་16ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་ཀྱི་གདིང་གཞིར་བརྟག་དཔྱད་བྱས་འབྲས་ཉེ་དུས་ཡོངས་བསྒྲགས་བྱས་ཤིང་། བརྟག་དཔྱད་ལས་མངོན་པར། སྤྱི་གླིང་ཁུལ་གྱི་རྩྭ་སའི་ཐོན་ཁུངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་995.85ཟིན་པ་དང་གཙོ་གནད་སྲུང་སྐྱོང་གི་སྐྱེ་དངོས་རིགས་33ཤེས་རྟོགས་བྱུང་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པ་དང་ཚང་མས་ཨེ་ཤེ་ཡའི་ཆུ་རྩ་གསོ་འཁྱོངས་ཁུལ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། 2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་ཁུལ་ཐོག་མ་དེ་གནས་དེར་བཙུགས་ཏེ་སྤྱི་གླིང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་12.31ཡོད་པ་དང་དེར་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཡན་ལག་སྤྱི་གླིང་ཁུལ་གསུམ་དུ་དབྱེ་ཡོད།
     ད་ཐེངས་ཀྱི་བརྟག་དཔྱད་ལས་མངོན་པར་གཞིགས་ན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཁོངས་སུ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ་ཆུའི་སྤུས་ཚད་ཀྱང་ཡག་པོ་ཡོད། ས་གནས་དེར་ལོ་མང་རིང་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་84.35ཟིན་གྱི་ཡོད་ཅིང་། དེའི་ནང་འབྲི་ཆུའི་ཆུ་འགོའི་སྤྱི་གླིང་ཁུལ་དང་། རྨ་ཆུའི་ཆུ་འགོའི་སྤྱི་གླིང་ཁུལ་གྱི་ཡན་ལག་ཆུ་བོ་དང་དེ་བཞིན་རྫ་ཆུའི་ཆུ་འགོའི་སྤྱི་གླིང་ཁུལ་གྱི་ཆུའི་སྤུས་ཚད་ཚང་མ་རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད། སྤྱི་གླིང་ཁུལ་ཡོངས་སུ་ལོ་མང་རིང་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་328.9ཟིན་གྱི་ཡོད་པ་རེད།
     བརྟག་དཔྱད་ལས་མངོན་པར་གཞིགས་ན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་འདམ་ར་དང་ནགས་ས་ཁྱབ་རྒྱ་ཆེན་པོ་ཡོད་ཅིང་། སྤྱི་གླིང་ཁུལ་གྱི་འདམ་རའི་ཐོན་ཁུངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་214.83ཟིན་པ་དང་དེའི་ནང་ཆུ་བོ་དང་ན་འདམ་སོགས་འདམ་རའི་རིགས་མི་འདྲ་བ་བཞི་ཙམ་ཡོད། སྤྱི་གླིང་ཁུལ་དུ་ཁྱོན་ནགས་སའི་ཐོན་ཁུངས་རྒྱ་ཁྱོན་སྤྱི་ཆིང་ཁྲི་29.9ཡོད་ཅིང་། དེའི་ནང་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་ཡུའུ་མེ་ཏའོ་གསོམ་ཤིང་གི་ཁྱབ་རྒྱ་སྤྱི་ལེ་ངོས་གྲུ་14.23ཟིན་གྱི་ཡོད།
     བརྟག་དཔྱད་ལས་མངོན་པར་གཞིགས་ན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྩྭ་སའི་རྒྱ་ཁྱོན་ཆེ་ཞིང་། སྤྱི་གླིང་ཁུལ་དུ་རྩྭ་སའི་ཐོན་ཁུངས་ཁྱོན་སྤྱི་ཆིང་ཁྲི་995.85ཟིན་གྱི་ཡོད་པ་དང་། རྩྭའི་ཐོན་འབབ་སྤྱི་ཆིང་རེར་སྟོང་ཁེ་1393.48ཟིན་པ། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་53.85%ཟིན་གྱི་ཡོད་པ་རེད།
     འཛམ་གླིང་ཐོག་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་གནས་དེར་བརྟག་དཔྱད་བྱེད་སྐབས་མཚོ་སྔོན་གྱི་སུམ་ཅུ་ཏིག་དང་ཨ་ཀྲོང་སོགས་གཙང་གསུམ་ཆུ་འགོའི་ཁུལ་གྱི་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་རིགས་33ཤེས་རྟོགས་བྱུང་བ་མ་ཟད། དེའི་ཁྱབ་རྒྱ་ཡང་ཅུང་ཆེ་ཙམ་ཡོད་པ་རེད།